མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱིས་བཟོས་པའི་མྱུར་ཚད་དམའ་འབྲིང་གི་འཕྱོ་གཡེང་མེ་འཁོར་གྱི་མྱུར་བགྲོད་
ལམ་ཐིག་ཐོག་མ་དེ་ཚོད་ལྟའི་འཁོར་རྒྱུག་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་09ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་རང་བདག་ཤེས་བྱའི་བདག་དབང་ལྡན་པའི་མྱུར་ཚད་དམའ་འབྲིང་གི་འཕྱོ་གཡེང་ཚོང་ལས་འཁོར་རྒྱུག་དཔེ་སྟོན་ལམ་ཐིག་ཐོག་མ—ཁྲང་ཧྲ་ཡི་འཕྱོ་གཡེང་མྱུར་བགྲོད་ལམ་ཐིག་ཚེས་6ཉིན་ཚོད་ལྟའི་འཁོར་རྒྱུག་བྱས་པ་རེད། མིག་སྔར་འཛམ་གླིང་ཡོངས་སུ་རི་པིན་དང་ཧན་གོ་ཁོ་ནར་མྱུར་ཚད་དམའ་འབྲིང་གི་འཕྱོ་གཡེང་ལམ་ཐིག་བཟོས་ཡོད་པ་དང་། ཁྲང་ཧྲ་ཡི་འཕྱོ་གཡེང་མྱུར་བགྲོད་ལམ་ཐིག་ནི་མིག་སྔར་འཛམ་གླིང་ཐོག་འཆར་འགོད་ལམ་ཐིག་རིང་ཤོས་ཀྱི་མྱུར་ཚད་དམའ་འབྲིང་གི་འཕྱོ་གཡེང་ལྕགས་ལམ་ལམ་ཐིག་ཡིན་པ་རེད།
         ཁྲང་ཧྲ་ཡི་འཕྱོ་གཡེང་མྱུར་བགྲོད་ལྕགས་ལམ་ལམ་ཐིག་གི་རིང་ཚད་ཧྲིལ་པོར་སྤྱི་ལེ་18.55ཡོད་པ་དང་། 2014ལོའི་ཟླ་5པར་བསྐྲུན་འགོ་ཚུགས་ཤིང་། དེའི་སྣེ་གཅིག་པེ་ཅིང་ནས་ཀོང་ཏུང་བར་དང་ཧྲང་ཧའེ་ནས་ཡུན་ནན་བར་གྱི་མྱུར་བགྲོད་ལྕགས་ལམ་འབྲེལ་མཐུད་མཚམས་ཀྱི་ཁྲང་ཧྲ་མེ་འཁོར་ལྷོ་ཚུགས་སུ་ཡོད་པ་དང་། སྣེ་གཞན་ཞིག་དེ་མི་འགྲུལ་དབུས་རྒྱུད་ས་ཁུལ་གྱི་མདུན་གྲལ་དུ་སླེབས་པའི་ཁྲང་ཧྲ་ཧོང་ཧྭ་གནམ་ཐང་དུ་ཡོད། དེ་སྔ་མེ་འཁོར་བཏང་ནས་ཆུ་ཚོད་ཕྱེད་ཀ་ཙམ་དགོས་པའི་ལམ་ཐིག་དེར་འཕྱོ་གཡེང་མྱུར་བགྲོད་ལམ་ཐིག་ཤར་གཏོང་ཐུབ་རྗེས་སྐར་མ་བཅུ་ལྷག་ཙམ་ལས་དགོས་ཀྱི་མེད་པ་རེད།