མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།"སློབ་ཆེན་སློབ་མའི་ལས་གཏོད་ཆེས་ཆུང་གྲས་ཀྱི་བྱ་སྤྱོད"ཀྱིས་རྒྱལ་ཡོངས་སུ་ཕུལ་བྱུང་
ལས་གཏོད་རྣམ་གྲངས་འཚོལ་བསྡུ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་09ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། སློབ་ཆེན་སློབ་མའི་ལས་གཏོད་ལ་སྐུལ་ལྕག་དང་ཕུལ་བྱུང་ལས་གཏོད་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཆེད། “2016ལོའི་སློབ་ཆེན་སློབ་མའི་ལས་གཏོད་ཆེས་ཆུང་གྲས་ཀྱི་བྱ་སྤྱོད”ཀྱིས་སློབ་གྲྭར་ཡོད་མུས་སློབ་ཆེན་སློབ་མ་དང་སློབ་གྲྭ་ཐོན་ནས་ལོ་5སོང་བའི་སློབ་ཆེན་སློབ་མ་སྒེར་རམ་ཚོགས་པར་ཕྱོགས་ནས་ལས་གཏོད་ཆེས་ཆུང་གྲས་རྣམ་གྲངས་ཀྱི་འཆར་གཞིའི་ཡི་གེ་དང་ལག་བསྟར་བྱས་ཟིན་པའི་ལས་གཏོད་ཆེས་ཆུང་གྲས་རྣམ་གྲངས་དང་དྲ་སྦྲེལ་དངུལ་རྩའི་ཞབས་ཞུའི་རྣམ་གྲངས་ཀྱི་འཆར་གཞིའི་ཡི་གེ་འཚོལ་བསྡུ་བྱ་རྒྱུ་དང་། དཔྱད་འདེམས་བྱུང་བའི་ཕུལ་བྱུང་བར་མ་དངུལ་ཐོག་ནས་འདེགས་སྐྱོར་བྱེད་པ་དང་སྦྲགས་ཉེན་ཁ་མ་འཇོག་སྒྲིག་གཞིའི་འཐུས་མི་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་ཀྱང་བྱ་རྒྱུ་རེད།
         ལས་གཏོད་ཆེས་ཆུང་གྲས་ནི་གཞོན་ནུའི་ལས་གཏོད་བྱེད་ཐབས་དཔེ་གསར་ཞིག་ཡིན་ཞིང་། གཞོན་ནུས་གསར་གཉེར་བྱས་པའི་ཁེ་ལས་ཆུང་གྲས་སམ་ཡང་ན་དཔོད་ཕྲན་དང་། སྐད་འཕྲིན། དྲ་སྦྲེལ་ལས་སྟེགས་བཅས་བརྒྱུད་རྣམ་གྲངས་གསར་སྤེལ་གྱི་ལས་གཏོད་བྱེད་སྒོར་ཟེར་གྱི་ཡོད།
        ཚེས་7ཉིན་འཚོགས་པའི“2016ལོའི་སློབ་ཆེན་སློབ་མའི་ལས་གཏོད་ཆེས་ཆུང་གྲས་ཀྱི་བྱ་སྤྱོད”ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་རྣམ་གྲངས་འཚོལ་བསྡུའི་དུས་ཚོད་ནི་ཟླ་4ཚེས་27ཉིན་ནས་ཟླ་9ཚེས་30ཉིན་བར་ཡིན་ཞིང་། དེའི་རིང་ཕུལ་བྱུང་ལས་གཏོད་ཆེས་ཆུང་གྲས་ཀྱི་རྣམ་གྲངས་50དཔྱད་འདེམས་བྱ་རྒྱུ་དང་ལས་གཏོད་འདེགས་སྐྱོར་མ་དངུལ་སྒོར་ཁྲི་100མཉམ་སྤྱོད་བྱས་ནས་ཕུལ་བྱུང་ལས་གཏོད་ཆེས་ཆུང་གྲས་ཀྱི་བྱ་དགའ་ཐོབ་པའི་རྣམ་གྲངས་20དེ་དག་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུ་འཚོག་ཡུལ་དུ་འགྲེམས་སྟོན་བྱ་རྒྱུ་རེད། བྱེད་སྒོའི་ཐོག་ལས་གཏོད་ཆེས་ཆུང་གྲས་ཀྱི་་བྱ་སྤྱོད་ཀྱི་འཆད་ཁྲིད་ཆེ་མོ་དང་། ལས་གཏོད་ཆེས་ཆུང་གྲས་རྣམ་གྲངས་འགྲེམས་སྟོན། མཐོ་སློབ་ཆིག་སྟོང་གིས་ལས་གཏོད་ཆེས་ཆུང་གྲས་ལ་འདེགས་སྐྱོར་བྱེད་པ་སོགས་ཚུད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།
         སློབ་གསོ་པུའི་མཐོ་རིམ་སློབ་གྲྭའི་ལས་གཏོད་སློབ་གསོ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ལི་ཅ་ཧྭ་ཡིས་ཀྲུང་གོའི་ལས་གཏོད་སློབ་གསོ་དུས་མཚམས་གསར་པར་སླེབས་ཡོད་པས་ལས་གཏོད་ཆེས་ཆུང་གྲས་ལ་གཞོལ་ཚེ་གཞོན་ནུའི་ལས་གཏོད་སྤྲོ་སེམས་འཕེལ་རྒྱུ་རེད། མཛུབ་ཁྲིད་དང་རོགས་རམ་ཐོབ་པ་བརྒྱུད་ལས་གཏོད་ཀྱི་ལེགས་གྲུབ་ཐོབ་ཚད་མཐོ་རུ་འགྲོ་རྒྱུ་མ་ཟད། མ་རྩ་སྦྲེལ་མཐུད་ཀྱང་ཐུབ་ནས་གཞོན་ནུ་ཚོ་གང་མགྱོགས་ཁྲོམ་ར་དང་དངོས་འབྲེལ་སྦྲེལ་མཐུད་ཐུབ་རྒྱུར་རོགས་རམ་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།