མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་ཧོ་ནན་ཞིང་ཆེན་དུ་བརྟག་ཞིབ་གནང་སྐབས་མི་རིགས་མཐུན་སྒྲིལ་དང་
ཆོས་ལུགས་ཞི་མཐུན་ཡོང་བར་སྐུལ་སྤེལ་གཏོང་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་25ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཡུས་ཀྲེང་ཧྲེང་གིས་ཧོ་ནན་ཞིང་ཆེན་དུ་བརྟག་ཞིབ་གནང་སྐབས་མི་རིགས་མཐུན་སྒྲིལ་དང་
ཆོས་ལུགས་ཞི་མཐུན་ཡོང་བར་སྐུལ་སྤེལ་གཏོང་དགོས་ཞེས་ནན་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཧོ་ནན་ཞིང་ཆེན་དུ་བརྟག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་ཀྲུང་དབྱང་གི་མི་རིགས་དང་ཆོས་ལུགས་ལས་དོན་སྐོར་གྱི་སྲིད་དོན་གལ་ཆེའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་པོ་བྱས་ནས་དུས་བབ་གསར་པའི་འོག་གི་མི་རིགས་དང་ཆོས་ལུགས་ལས་དོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན་ཡོང་བར་སྐུལ་སྤེལ་ཏན་ཏིག་བཏང་སྟེ"ལོ་བརྒྱ་གཉིས"ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱ་རྒྱུའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཕྱིར་སེམས་སྒྲིལ་ནུས་འདུས་རྒྱ་ཆེན་པོ་བྱ་དགོས་ཞེས་ནན་བཤད་གནང་བ་རེད།
          ཚེས་22ཉིན་ནས་ཚེས་24ཉིན་བར་ཡུས་ཀྲེང་ཧྲེང་སྔ་གཞུག་ཏུ་ནན་དབྱང་དང་ཀྲེན་ཀྲོའུ་གྲོང་ཁྱེར་སོགས་སུ་ཕེབས་ནས་ཚོང་ར་དང་། སློབ་གྲྭ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་སུ་ཟབ་འཇུག་གནང་བ་མ་ཟད། བཞུགས་མོལ་ཚོགས་འདུ་ཐེངས་མང་གཙོ་སྐྱོང་གནང་ནས་འཚོགས་ཤིང་། གཞི་རིམ་གྱི་ཆོས་ལུགས་དང་མི་རིགས་ལས་དོན་གྱི་གནས་ཚུལ་རྟོག་ཞིབ་དང་རྒྱུས་ལོན་གནང་བ་རེད།