མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་དབུ་བཞུགས་ལག་བསྟར་དཔོན་ཨ་པུའུ་ཏུའུ་ལ་དང་མཇལ་
འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་19ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་དབུ་བཞུགས་ལག་བསྟར་དཔོན་ཨ་པུའུ་ཏུའུ་ལ་དང་མཇལ་
འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་སུ་འཚམས་འདྲི་གནང་བར་ཕེབས་མཁན་ཨ་ཧྥུ་ཀ་ནི་སི་ཐན་གྱི་དབུ་བཞུགས་ལག་བསྟར་དཔོན་ཨ་པུའུ་ཏུའུ་ལ་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥུ་ཀ་ནི་སི་ཐན་ནི་སྲོལ་རྒྱུན་གྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་60ལྷག་ཙམ་རིང་ཀྲུང་གོ་དང་ཨ་ཧྥུ་ཀ་ནི་སི་ཐན་གྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ལག་བསྟར་བྱས་ནས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བསམ་ཤེས། ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་པར་བརྟེན་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་འབྲེལ་བ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། ང་ཚོས་ཨ་ཧྥུ་ཀ་ནི་སི་ཐན་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་དང་། བར་འདུམ་ལ་སྐུལ་འདེད། བདེ་འཇགས་སྲུང་སྐྱོང་བཅས་ལ་གཞོལ་བ་དང་འབྲེལ་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་བྱ་རྒྱུ་ཡིན། ཨ་ཧྥུ་ཀ་ནི་སི་ཐན་གྱིས་ཡིད་ཆེས་བྱེད་ཆོག་པའི་ཁྱིམ་མཚེས་དང་གྲོགས་པོ་ཞིག་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་མཛའ་གྲོགས་མཉམ་ལས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། ང་ཚོས་ཨ་ཧྥུ་ཀ་ནི་སི་ཐན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཨ་ཧྥུ་ཀ་ནི་སི་ཐན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱིས་ཀྲུང་གོའི་ལྟེ་བའི་གནད་དོན་དང་གལ་ཆེའི་ཁེ་ཕན་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་སྲིད་ཇུས་ལག་བསྟར་བྱ་རྒྱུར་སྔར་བཞིན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཨ་ཧྥུ་ཀ་ནི་སི་ཐན་མི་དམངས་ཀྱིས་གདམ་ག་བྱས་པའི་ཆབ་སྲིད་ལམ་ལུགས་དང་འཕེལ་རྒྱས་ཀྱི་ལམ་བུར་བརྩི་འཇོག་བྱ་རྒྱུ་ཡིན། ང་ཚོས་ཨ་ཧྥུ་ཀ་ནི་སི་ཐན་ཕྱོགས་དང་མཐོ་རིམ་འགྲོ་འོང་གཏིང་ཟབ་དང་། འཐབ་ཇུས་འབྲེལ་བར་ཤུགས་སྣོན་རྒྱག་པ། མཉམ་ལས་ཀྱི་འཆར་གཞི་འདིང་བ་བཅས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བདེ་བསྐྱར་བསྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་གཞོགས་འདེགས་དམ་ཟབ་བྱས་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཀྲུང་གོའི་མ་འཇོག་རྣམ་གྲངས་གལ་ཆེན་སྔ་ཙམ་ལེགས་གྲུབ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་ཤུགས་ཐོན་ཁུངས་གསར་སྤེལ་ལ་མུ་མཐུད་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་དང་། རིག་མཛོད། སྨྱན་སྦྱོར་སོགས་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་ལྕག་བྱ་རྒྱུ་དང་འབྲེལ་ས་གནས་སྲིད་གཞུང་གི་འགྲོ་འོང་རྒྱ་ཆེར་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         ཨ་པུའུ་ཏུའུ་ལས་ཨ་ཧྥུ་ཀ་ནི་སི་ཐན་དང་ཀྲུང་གོ་ནི་མཛའ་གྲོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་མཛའ་གྲོགས་ཀྱི་འབྲེལ་བ་ཆུ་མོའི་རྒྱུན་ལྟར་རིང་། ཨ་ཧྥུ་ཀ་ནི་སི་ཐན་ལ་དཀའ་ངལ་འཕྲད་པའི་སྐབས་སུ་ཀྲུང་གོ་ཕྱོགས་ཀྱིས་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་རིགས་མཐུན་སྒྲིལ་སྲིད་གཞུང་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་ཧྥུ་ཀ་ནི་སི་ཐན་ཕྱོགས་ཀྱིས་ཐའེ་དབན་སོགས་ལྟེ་བའི་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་ཀྲུང་གོ་ཕྱོགས་དང་མཐོ་རིམ་དབར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱ་རྒྱུ་དང་ཕྱོགས་གཉིས་པོའི་ངོས་འཛིན་གཅིག་མཐུན་མགྱོགས་མྱུར་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་བསྐྱར་སྐྲུན་བྱེད་པའི་ནང་ཀྲུང་གོ་ཕྱོགས་དང་དཔལ་འབྱོར་དང་། རྨང་གཞིའི་སྒྲིག་བཀོད། མི་ཤུགས་ཐོན་ཁུངས། བདེ་འཇགས་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།