མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁོ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་19ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོར་སི་པི་གྲུ་ཁ་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། མོར་སི་པི་གྲུ་ཁར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁོ་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་པོ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་དཔལ་འབྱོར་དངོས་ཚན་ཞིག་ཡིན་པས་ཁྱབ་ཁོངས་མང་པོའི་ཐད་ཀྱི་ལངས་ཕྱོགས་འདྲ་པོ་ཡོད། ང་དང་ཙུང་ཐུང་སྐུ་ཞབས་མཆོག་དབར་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཐོ་རིམ་གྱི་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བ་གོང་འཕེལ་ཡོང་བར་སྣེ་ཁྲིད་བྱེད་འདོད་ཡོད། རྒྱལ་ཁབ་གཉིས་པོས་ཟླ་བ་གོང་མར“རྒྱུད་གཅིག་ལམ་གཅིག”དང“གོ་ལ་ཧྲིལ་པོའི་རྒྱ་མཚོའི་འདེགས་གནས”བསྐྲུན་རྒྱུར་སྐུལ་མ་གཏོང་བའི་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་པར་བརྟེན་ནས་འབྲེལ་ཡོད་ཀྱི་མཉམ་ལས་ལ་སྐུལ་མ་ཧུར་ཐག་གཏོང་དགོས། ཙུང་ཐུང་སྐུ་ཞབས་ནས“ས་ཁོངས་ཕྱོགས་བསྡུས་ཀྱི་དཔལ་འབྱོར་བར་ཁྱམས”ཀྱི་གྲོས་འགོ་བཏོན་པར་ཀྲུང་གོ་ཕྱོགས་ཀྱིས་མཐོང་ཆེན་བྱས་ཏེ་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་སྔ་ཙམ་ངོ་བོའི་རང་བཞིན་ལྡན་པའི་མཉམ་ལས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ནས་ནང་འདྲེན་བྱས་པའི་ཐོན་རྫས་རྒྱ་ཆེར་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         ཙོ་ཁོ་ཡིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་གྲུབ་འབྲས་ཐོབ་པའི་ངང་གཉེར་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་མ་ཟད། མི་རིང་བའི་གོང་ཧིན་རྡུ་ཉི་ཞི་ཡར་ས་ཡོམ་བརྒྱབ་པ་དང་མཚོ་རླབས་དྲག་པོའི་གེགས་བར་བྱུང་རྗེས་གེགས་སེལ་ལས་དོན་ཐད་ཀྲུང་གོས་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་བར་ཧིན་རྡུ་ཉི་ཞི་ཡ་ཧ་ཅང་དགའ་པོ་བྱུང་ལ་ཕྱོགས་གཉིས་པོས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

  
style="display:none;"