མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཆི་ལིའི་ཙུང་ཐུང་ཕི་ཉི་ལ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་19ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོར་སི་པི་གྲུ་ཁ་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོར་སི་པི་གྲུ་ཁར་ཆི་ལིའི་ཙུང་ཐུང་ཕི་ཉི་ལ་དང་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས། ཆི་ལི་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་མཁན་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་རྒྱལ་ཁབ་དང་པོ་དེ་ཡིན། ཀྲུང་གོ་དང་ཆི་ལིའི་འབྲེལ་བ་དེ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བའི་སྔོན་དུ་ཡུན་རིང་པོར་སྐྱོད་ཀྱི་ཡོད། དུས་བབ་གསར་པའི་འོག་ང་ཚོས་ཀྲུང་གོ་དང་ཆི་ལིའི་མཉམ་ལས་དེ་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་མུ་མཐུད་སྐུལ་མ་གཏོང་དགོས་ཞེས་གསུངས།
         ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཆི་ལིས“རྒྱུད་གཅིག་ལམ་གཅིག”ཐད་སྲིད་གཞུང་དབར་མཉམ་ལས་གྲོས་མཐུན་བཞག་ཟིན་པ་དང་། གོམ་སྟབས་རྗེས་མར། གཙོ་གནད་ཁྱབ་ཁོངས་དང་རྣམ་གྲངས་གཏན་འཁེལ་བྱས་ནས་གྲུབ་འབྲས་སྔ་ཙམ་ཐོབ་རྒྱུའི་བརྩོན་ལེན་བྱེད་དགོས་ལ། ཕྱོགས་གཉིས་ཀྱི་མཉམ་ལས་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཀྲུང་གོ་དང་ཆི་ལིའི་རང་མོས་ཉོ་ཚོང་གི་གྲོས་ཆོད་རིམ་སྤོར་དེ་གོ་སྐབས་སུ་བྱས་ནས་ཕྱོགས་གཉིས་ཀྱི་ཉོ་ཚོང་གཞི་ཁྱོན་ཆེ་རུ་གཏོང་བར་སྐུལ་འདེད་དང་། ཚོང་དོན་གྱི་གྲུབ་ཆ་ལེགས་སྒྲིག མ་འཇོག་མཉམ་ལས་ཟབ་གཏོང་བཅས་བྱས་ཏེ་མཉམ་སྦྲེལ་མཉམ་མཐུད་ཀྱི་རྣམ་གྲངས་ལ་སྐུལ་སྤེལ་ཏན་ཏིག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཕི་ཉི་ལས། ཆི་ལི་དང་ཀྲུང་གོའི་འབྲེལ་བ་བརྟན་ལ་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཀྲུང་གོ་ནི་ཆི་ལིའི་ཉོ་ཚོང་རོགས་ཟླ་ཆེ་གྲས་དང་པོ་དང་མ་འཇོག་ཡོང་ཁུངས་ཀྱི་རྒྱལ་ཁབ་གཙོ་བོ་ཡིན། ཆི་ཀྲུང་གི་རང་མོས་ཉོ་ཚོང་གྲོས་ཆོད་རིམ་སྤོར་གྱི་གྲོས་མཐུན་གྱིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྔར་བས་རྒྱ་ཆེ་བའི་བར་མཐོངས་བཏོད་ཡོད་ཅེས་བརྗོད།

  
style="display:none;"