མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གི《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་རྒྱུར་སྐུལ་འདེད་མཐའ་
གཅིག་ཏུ་གཏོང་རྒྱུའི་སྐོར་གླེང་བའི》དབྱིན་ཡིག་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་11ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི་ཞི་ཅིན་ཕིང་གི《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་རྒྱུར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་རྒྱུའི་སྐོར་གླེང་བའི》དེབ་ཀྱི་དབྱིན་ཡིག་པར་གཞི་ཉེ་ཆར་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
     《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་རྒྱུར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་རྒྱུའི་སྐོར་གླེང་བ》དེ་2018ལོའི་ཟླ་6པར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་དེའི་ནང་ཞི་ཅིན་ཕིང་གི་འབྲེལ་ཡོད་གལ་ཆེའི་རྩོམ་ཡིག་85བསྡུས་ཡོད། ཕྱི་རྒྱལ་གྱི་ཀློག་པ་པོའི་དཔེ་ཀློག་གི་གོམས་གཤིས་དང་བསྟུན་ཆེད། དབྱིན་ཡིག་གི་པར་གཞི་དེར་རྒྱ་ཡིག་པར་གཞིའི་རྨང་གཞིའི་ཐོག་འགྲེལ་བཤད་དང་། དཀར་ཆག བསྡུས་ཚིག་སོགས་ཀྱི་ནང་དོན་ཁ་སྣོན་བྱས་ཡོད། དེབ་དེའི་དབྱིན་ཡིག་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་ཕྱི་རྒྱལ་གྱི་ཀློག་པ་པོས་ཞི་ཅིན་ཕིང་གི“འཛམ་གླིང་གང་འདྲ་ཞིག་འཛུགས་སྐྲུན་བྱེད་པ་དང་། གང་འདྲ་བྱས་ནས་འཛམ་གླིང་དེ་སྐྲུན་དགོས་པ”སོགས་སྐོར་གྱི་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པའི་ཞིབ་འཇུག་བྱ་གཞི་འགངས་ཆེན་ཐད་ཀྱི་རིགས་པའི་གཞུང་ལུགས་ཀྱི་བསམ་གཞིག་ལ་ཤེས་རྟོགས་གཏིང་ཟབ་ཐུབ་རྒྱུར་ཕན་ཐོགས་ཡོད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པའི་འདུ་ཤེས་ཀྱི་དུས་རབས་ཀྱི་རྒྱབ་ལྗོངས་དང་། དོན་སྙིང་གལ་ཆེན། ནང་དོན་གཙོ་བོ། མངོན་འགྱུར་ཐབས་ལམ་བཅས་ཤེས་རྟོགས་ཐུབ་ནས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་དང་རང་རྒྱལ་གྱི་ཕྱི་འབྲེལ་གྱི་མཛད་ཕྱོགས་སྲིད་ཇུས་ཤེས་རྟོགས་གཏིང་ཟབ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། (བསོད་ནམས་དཔའ་མོས་བསྒྱུར། བསོད་བདེ་དང་བསོད་དཔས་ཞུས)

  
style="display:none;"