མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འབར་མའི་རྒྱལ་སྲུང་དམག་གི་སྤྱི་ཁྱབ་སི་ལིང་མིན་ཨང་ལའེ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་12ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་འབར་མའི་རྒྱལ་སྲུང་དམག་གི་སྤྱི་ཁྱབ་སི་ལིང་མིན་ཨང་ལའེ་དང་མཇལ་འཛོམས་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་འཚམས་འདྲིར་ཕེབས་པའི་འབར་མའི་རྒྱལ་སྲུང་དམག་གི་སྤྱི་ཁྱབ་སི་ལིང་མིན་ཨང་ལའེ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་འབར་སྤུན་ཟླའི་དབར་མཛའ་གྲོགས་ལོ་རྒྱུས་རིང་བ་དང་དེང་སྐབས་ཀྲུང་འབར་འབྲེལ་བ་སྤྱི་ཡོངས་ནས་ལེགས་སུ་འགྲོ་བཞིན་ཡོད་ཅིང་། ཁྱབ་ཁོངས་ཁག་དང་རིམ་པ་ཁག་དབར་གྱི་སྤེལ་རེས་མཉམ་ལས་ཟམ་མི་ཆད་པར་རྒྱ་ཆེར་འགྲོ་བ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་ལ་འཕེལ་རིམ་གསར་པ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་འབར་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་སྔར་རྒྱུན་བཞིན་འབར་མ་དང་འཐབ་ཇུས་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གཉིས་ཁེ་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཀྲུང་འབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་མང་བའི་ཁེ་ཕན་ཏན་ཏིག་བསྐྲུན་ཐོག་ས་ཁུལ་གྱི་བརྟན་ལྷིང་དང་དར་རྒྱས་ཆེད་ཐུན་མོང་ཐོག་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་འབར་དམག་དོན་མཉམ་ལས་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཡིན་ཞིང་། དམག་གཉིས་ཀྱིས་དངོས་སྒྲུབ་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཕན་ཚུན་གྱི་ཡིད་ཆེས་དང་ཁེ་ཕན་ལ་དམིགས་པ་དང་འབྲེལ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་དམག་གཉིས་ཀྱི་འབྲེལ་བ་ཐུན་མོང་ཐོག་འཛུགས་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་འབར་མའི་རྒྱལ་ནང་གི་ཞི་བདེའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པ་དང་འབར་མའི་བྱང་རྒྱུད་ཀྱི་དུས་བབ་འཕེལ་རྒྱས་ལ་དོ་ཁུར་བྱ་རྒྱུ་ཡིན། རེ་བར་འབར་མ་ཕྱོགས་ཀྱིས་ཀྲུང་གོ་དང་དཔུང་པ་མཉམ་གཤིབ་ཀྱིས་མདུན་སྐྱོད་བྱས་ཏེ་མཐའ་མཚམས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་མཐའ་མཚམས་ཀྱི་བདེ་འཇགས་དང་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

  
style="display:none;"