མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་
བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་10ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་
བཤད་གལ་ཆེན་ཡང་གནང་བ།

      ཟླ་5ཚེས་7དང་8ཉིན། རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
     ■ ཆབ་སྲིད་ཐད་སྤྱི་བདེ་ལས་ཁུངས་འཛུགས་སྐྱོང་དང་སྟངས་འཛིན་བྱས་ཐོག་ཉེན་རྟོག་པ་ཡོངས་ལ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་ཀྱི་ཁྲིད་སྟོན་བྱས་ནས། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། སྤྱི་ཚོགས་ཀྱི་འགལ་བ་སྣ་ཚོགས་སྔོན་འགོག་ཧུར་ཐག་དང་འོས་འཚམ་ངང་བསལ་ནས་སྤྱི་ཚོགས་གསོན་ཤུགས་དང་སྐྱེ་སྟོབས་ལྡན་པ་བྱེད་དགོས་ལ་བརྟན་ལྷིང་གོ་རིམ་ལྡན་པའང་བྱེད་དགོས། འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་བྱས་ཐོག་ཁྲིམས་བསྟར་དབང་ཆ་འཁོར་སྐྱོད་ལམ་སྲོལ་དང་དོ་དམ་ལྟ་སྐུལ་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། གྱོད་གཞི་རེ་རེ་སྒྲུབ་གཉེར་དང་གནས་ཚུལ་རེ་རེ་ཐག་གཅོད་བྱེད་པའི་ཁྲོད་མི་དམངས་མང་ཚོགས་ཀྱིས་དྲང་གཞག་དྲང་བདེན་ཚོར་ཐུབ་པར་བྱེད་དགོས། གདེང་ཚོད་བརྟན་གཏོང་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་དུས་རབས་གསར་པའི་སྤྱི་བདེ་སྒྱུར་བཅོས་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས། ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་སྐྱོང་དང་ཕྱོགས་ཡོངས་ནས་ཉེན་རྟོག་པ་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས་འགྱུར་མེད་ཀྱི་ཕུགས་བསམ་དང་དད་སེམས་དང་། འགྱུར་མེད་ཀྱི་འགན་འཁྲི་འཁུར་སེམས། འགྱུར་མེད་ཀྱི་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་། འགྱུར་མེད་ཀྱི་སྒྲིག་ཁྲིམས་སྤྱོད་ཚུལ་བཅས་ལྡན་པའི་སྤྱི་བདེའི་དཔུང་ཁག་ཡག་པོ་ཞིག་འཛུགས་སྐྱོང་བྱེད་དགོས།
     ■ ཞི་བདེའི་དུས་སྐབས་སུ། སྤྱི་བདེའི་དཔུང་ཁག་ནི་རང་སྲོག་བློས་གཏོང་བྱེད་མང་ཤོས་དང་ལེགས་སྐྱེས་འབུལ་མང་ཤོས་ཀྱི་དཔུང་ཁག་ཅིག་ཡིན་པས། དམིགས་བསལ་གྱི་དཔུང་ཁག་དེར་དམིགས་བསལ་གྱི་དགའ་གཅེས་བྱེད་དགོས། ཁོང་ཚོར་ཆབ་སྲིད་ཐད་ནས་སེམས་ཁུར་དང་། ལས་ཀའི་ཐད་ནས་རྒྱབ་སྐྱོར། ཐོབ་ཆའི་ཐད་ནས་འགན་ལེན་བཅས་བྱས་ཏེ། ཉེན་རྟོག་པའི་གཟིགས་སྐྱོང་བྱེད་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། མི་དམངས་ཉེན་རྟོག་པའི་གཟི་བརྗིད་མཚན་སྙན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། སྔོན་ཐོན་དང་དཔེ་མཚོན་གསོ་སྐྱོང་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་བདེ་མི་དམངས་ཉེན་རྟོག་པའི་ལས་རིགས་ཀྱི་གཟི་བརྗིད་ལྡན་སེམས་དང་། སྤོབས་སེམས། གཏོགས་སེམས་བཅས་ཆེ་རུ་གཏོང་དགོས།
      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་7དང་8ཉིན། རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་སྤྱི་བདེ་ལས་ཁུངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་སྐྱོང་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་ཉེན་རྟོག་པ་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པ་དར་རྒྱས་གཏོང་བ། ཉེན་རྟོག་པ་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས། ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ཡག་པོ་སྒྲུབ་པ། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དེ་བས་ཡག་པ་དང་། དེ་བས་འགན་ལེན། དེ་བས་རྒྱུན་མཐུད་ཧུར་ཐག་ཡོང་བར་བྱེད་པ་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་བདེ་འཇགས་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
      ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཚོགས་འདུར་ཕེབས་ཡོད་པ་རེད།
     ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་ཁབ་ཕྱི་ནང་གི་དུས་བབ་མདུན་དུ། ཏང་ཀྲུང་དབྱང་གིས་རྒྱལ་སྤྱི་རྒྱལ་ནང་གི་སྤྱི་ཡོངས་ཆེན་པོ་གཉིས་དང་། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལ་སྤྱི་འདོམས་བྱས་ནས་སྤྱི་བདེའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་བྱས་པ་དང་། སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལག་ལེན་བསྟར་བ། སྤྱི་བདེའི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཏང་ལ་དོ་དམ་ནན་པོ་དང་ཉེན་རྟོག་པ་ནན་པོས་སྐྱོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་བསྟར་ལ་ཀུན་གྱི་ཡིད་ཆེས་ཐོབ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས་སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་ཐེབས་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ཆེ་རུ་ཕྱིན་ནས་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་ཐུབ་ཡོད་ཅེས་ནན་བཤད་གནང་བ་རེད། ད་དུང་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
      ཞི་ཅིན་ཕིང་གིས་བསྟན་གནང་དོན། ལག་ལེན་ནང་། ང་ཚོས་སྤྱི་བདེའི་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་རྩ་ཆེའི་ཉམས་མྱོང་མང་དག་བསགས་ཡོད་པས་ངེས་པར་དུ་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལ་ཕྱོགས་སྡོམ་དང་བེད་སྤྱོད་ཡག་པོ་བཏང་ནས་སྤྱི་བདེའི་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་འགྲོ་བའི་འགན་ལེན་བྱེད་པ་དང་། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས། ཕྱོགས་ཡོངས་ནས་ཏང་ལ་དོ་དམ་ནན་པོ་དང་ཉེན་རྟོག་པ་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས། ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་ནན་པོ་བཅས་ཀྱི་སྤྱིའི་བླང་བྱར་གཞིགས་པ་བཅས་བྱས་ནས་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་མི་དམངས་བློ་ཡིད་ཚིམ་པའི་བྱང་ཚད་མཐོ་ལ་ཉམས་སད་ཐེག་ཐུབ་པའི་སྤྱི་བདེའི་དཔུང་ཁག་ཅིག་གཏོད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཆབ་སྲིད་ཐད་སྤྱི་བདེ་ལས་ཁུངས་འཛུགས་སྐྱོང་དང་སྟངས་འཛིན་བྱས་ཐོག་ཉེན་རྟོག་པ་ཡོངས་ལ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ་བཅས་ཀྱི་ཁྲིད་སྟོན་བྱས་ནས། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཉེན་རྟོག་པ་ཡོངས་ཀྱིས་ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུར་སློབ་གསོ་གཏོང་དགོས། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་དུས་སྐབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞིར་གཞིགས་ནས་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པ་ཡག་པོ་འདེམས་པ་དང་བཀོད་སྒྲིག་ཡག་པོ་བྱེད་དགོས། རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སོགས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་དང་ཕན་འབྲས་དང་འགན་འཁྲི་བདའ་འདེད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁག་ཆད་ལུས་མེད་པའི་ངང་ལག་བསྟར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། སྤྱི་ཚོགས་ཀྱི་འགལ་བ་སྣ་ཚོགས་སྔོན་འགོག་ཧུར་ཐག་དང་འོས་འཚམ་ངང་བསལ་ནས་སྤྱི་ཚོགས་གསོན་ཤུགས་དང་སྐྱེ་སྟོབས་ལྡན་པ་བྱེད་དགོས་ལ་བརྟན་ལྷིང་གོ་རིམ་ལྡན་པའང་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་དང་ཁེ་དབང་སྲུང་སྐྱོང་གཉིས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་ལུགས་མཐུན་ཁྲིམས་མཐུན་གྱི་རེ་ཞུ་ཐག་གཅོད་ཡག་པོ་དང་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་དགོས་ལ། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁྲིམས་བཞིན་རེ་བ་ཞུ་བ་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྒྲིག་ལམ་སྲུང་སྐྱོང་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས། མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ལ་ཤུགས་རྐྱེན་ངན་པ་བཟོ་བའི་གནད་དོན་མངོན་གསལ་དོད་རིགས་ལ་དམིགས་ནས། ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་མི་དམངས་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཡག་པོ་སྒྲུབ་དགོས། ནག་གཤེད་དང་འབྲེལ་བ་ཡོད་པ་དང་། མེ་མདའ་དང་འབར་གས་དང་འབྲེལ་བ་ཡོད་པ། གཏུམ་སྤྱོད་འཇིགས་སྐུལ་དང་མི་སྒེར་གྱི་ཐལ་དྲགས་པའི་གཏུམ་སྤྱོད་བཅས་ཀྱི་ཉེས་གསོག་དང་། རྐུ་འཕྲོག་ཁྲམ་གསུམ་དང་། འཆལ་རྒྱན་དུག་གསུམ། བཟའ་བཅའ་སྨན་རྫས་ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་ཁྲིམས་འགལ་ཉེས་གསོག་མངོན་གསལ་དོད་རིགས་ལ་དམ་བསྒྲགས་ཟིལ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ནས་རྡུང་རྡེག་ནན་པོ་དང་ཐོན་མ་ཐག་རྡུང་རྡེག་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དྲང་གཞག་དྲང་བདེན་ནི་ཁྲིམས་བསྟར་ཁྲིམས་འཛིན་ལས་དོན་གྱི་སྲོག་རྩ་ལྟ་བུ་ཞིག་རེད། འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་བྱས་ཐོག་ཁྲིམས་བསྟར་དབང་ཆ་འཁོར་སྐྱོད་ལམ་སྲོལ་དང་དོ་དམ་ལྟ་སྐུལ་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། གྱོད་གཞི་རེ་རེ་སྒྲུབ་གཉེར་དང་གནས་ཚུལ་རེ་རེ་ཐག་གཅོད་བྱེད་པའི་ཁྲོད་མི་དམངས་མང་ཚོགས་ཀྱིས་དྲང་གཞག་དྲང་བདེན་གང་ལེགས་ཚོར་ཐུབ་པར་བྱེད་དགོས། དྲང་གཞག་ཡ་རབས་ལྡན་པའི་ངང་ཁྲིམས་བསྟར་གྱི་ལས་དོན་ཚད་ལྡན་ནན་པོ་ཡོང་བ་བྱས་ནས་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་དེ་འགྲོ་བ་མིའི་ཐོབ་ཐང་འགན་ལེན་དང་། ལས་ཕྱོད་བརྩོན་ལེན་དང་དྲང་གཞག་ཡོང་བ། ཁྲིམས་བསྟར་གྱི་དམིགས་ཡུལ་དང་ཁྲིམས་བསྟར་སྟངས་བཅས་ཟུང་འབྲེལ་དམ་ཟབ་ཡོང་བར་བྱས་ཏེ་བཅའ་ཁྲིམས་ཀྱི་ཕན་འབྲས་དང་། ཆབ་སྲིད་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཡག་པོ་ཧུར་ཐག་ཐོན་པ་བྱེད་དགོས། བཅའ་ཁྲིམས་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པས། མི་སུ་འདྲ་ཞིག་ཡིན་རུང་ཚང་མས་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས། དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོགས་ཡོངས་སུ་བྱ་བ་སྒྲུབ་སྐབས་ཁྲིམས་ལ་གཞིགས་པ་དང་། གནས་ཚུལ་འཕྲད་སྐབས་ཁྲིམས་དང་བསྟུན་པ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། འགལ་བ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་ཡག་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། གདེང་ཚོད་བརྟན་གཏོང་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་དུས་རབས་གསར་པའི་སྤྱི་བདེ་སྒྱུར་བཅོས་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས། དམ་ནན་རྣམ་པའི་དོ་དམ་བྱ་ཐབས་ཁྱབ་གདལ་བཏང་ནས་ལས་ཁུངས་འཛུགས་སྐྱོང་ཡག་པོ་དང་། ཉེན་རྟོག་པའི་རིགས་ལེགས་གཏོང་། གཞི་རིམ་སྟོབས་ཆེར་གཏོང་བ། རྨང་གཞི་བརྟན་གཏོང་བཅས་ཀྱི་ཐོག་ནས་འགན་ནུས་ཚན་རིག་དང་མཐུན་པ་དང་། འགན་དབང་ཁ་གསལ། བཀོད་འདོམས་བདེ་བླག འཁོར་སྐྱོད་ནུས་ཆེ་བཅས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་འགན་ནུས་མ་ལག་བསྐྲུན་མགྱོགས་སུ་གཏོང་དགོས། གཞི་རིམ་དང་རྨང་གཞིར་དམ་འཛིན་ཆེན་པོ་བྱེད་པའི་སྟོན་ཕྱོགས་བཏོད་ཐོག་གཙོ་གནད་གཤམ་སྒྱུར་དང་། ཉེན་རྟོག་པ་གཤམ་གཏོང་། འགན་སྲུང་གཤམ་ཕྱོགས་བཅས་ལ་སྐུལ་འདེད་བཏང་ནས། གཞི་རིམ་གྱི་དངོས་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་གསོན་ཤུགས་འཕེལ་བར་བྱེད་པ། གཞི་རིམ་གྱི་དམག་འཐབ་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལས་ཁུངས་སྒྱུར་བཅོས་ཀྱི་ལེ་ལག་ཚང་བའི་འབྲེལ་ཡོད་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། འགན་ནུས་བཀོད་སྒྲིག་དང་། སྒྲིག་གཞི་བཀོད་སྒྲིག སྟོབས་ཤུགས་ཐོན་ཁུངས་བཀོད་སྒྲིག་བྱེད་ལེགས་སུ་གཏོང་བ་བཅས་བྱས་ནས་སྒྲིག་གཞིའི་མི་སྣའི་འགན་ནུས་བསྡུ་སྒྲིལ་དང་། ལས་སྒོ་དང་ལས་དོན་མཉམ་འདྲེས། ལམ་སྲོལ་གོ་རིམ་སྦྲེལ་མཐུད་བཅས་ལ་ཤུགས་སྣོན་རྒྱག་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཉེན་རྟོག་པ་ནན་པོས་སྐྱོང་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་སྐྱོང་དང་ཕྱོགས་ཡོངས་ནས་ཉེན་རྟོག་པ་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས་འགྱུར་མེད་ཀྱི་ཕུགས་བསམ་དང་དད་སེམས་དང་། འགྱུར་མེད་ཀྱི་འགན་འཁྲི་འཁུར་སེམས། འགྱུར་མེད་ཀྱི་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་། འགྱུར་མེད་ཀྱི་སྒྲིག་ཁྲིམས་སྤྱོད་ཚུལ་བཅས་ལྡན་པའི་སྤྱི་བདེའི་དཔུང་ཁག་ཡག་པོ་ཞིག་འཛུགས་སྐྱོང་བྱེད་དགོས། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་གཏོང་རྒྱུ་དེ་ཉེན་རྟོག་པའི་བླ་སྲོག་གཏོད་པ་དང་། རྩ་སྲ་བརྟན་སྲུང་གི་འཐབ་ཇུས་འདུ་འགོད་ལ་བརྩིས་ནས་དམ་འཛིན་ལྷོད་མེད་བྱེད་པ་དང་། རྟག་ཏུ་དོ་དམ་ནན་པོ་དང་རྒྱུན་དུ་དམ་འཛིན་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཉེན་རྟོག་པ་ཡོངས་ལ་གུས་སྐྲག་ཤེས་པ་དང་། དོགས་ཟོན་དང་དངངས་སྐྲག་ཡོད་པ། མཐའ་ཚད་སྲུང་བ་བཅས་ཀྱི་ཚད་མཐོའི་རང་རྟོགས་དངོས་འབྲེལ་འཇགས་པར་བྱེད་དགོས།
     ཞི་ཅིང་ཕིང་གིས་བསྟན་གནང་དོན། ཞི་བདེའི་དུས་སྐབས་སུ། སྤྱི་བདེའི་དཔུང་ཁག་ནི་རང་སྲོག་བློས་གཏོང་བྱེད་མང་ཤོས་དང་ལེགས་སྐྱེས་འབུལ་མང་ཤོས་ཀྱི་དཔུང་ཁག་ཅིག་ཡིན་པས། དམིགས་བསལ་གྱི་དཔུང་ཁག་དེར་དམིགས་བསལ་གྱི་དགའ་གཅེས་བྱེད་དགོས། ཁོང་ཚོར་ཆབ་སྲིད་ཐད་ནས་སེམས་ཁུར་དང་། ལས་ཀའི་ཐད་ནས་རྒྱབ་སྐྱོར། ཐོབ་ཆའི་ཐད་ནས་འགན་ལེན་བཅས་བྱས་ཏེ། ཉེན་རྟོག་པའི་གཟིགས་སྐྱོང་བྱེད་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། མི་དམངས་ཉེན་རྟོག་པའི་གཟི་བརྗིད་མཚན་སྙན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། སྔོན་ཐོན་དང་དཔེ་མཚོན་གསོ་སྐྱོང་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་བདེ་མི་དམངས་ཉེན་རྟོག་པའི་ལས་རིགས་ཀྱི་གཟི་བརྗིད་ལྡན་སེམས་དང་། སྤོབས་སེམས། གཏོགས་སེམས་བཅས་ཆེ་རུ་གཏོང་དགོས།
     ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་ཀྱིས་སྤྱི་བདེའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྤྱི་བདེའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་དབང་སྤྱོད་པ་དང་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་པ། སྤྱི་བདེའི་ལས་དོན་ཁྲོད་འཕྲད་པའི་དཀའ་ངལ་དངོས་དང་གནད་དོན་ཐག་གཅོད་བྱེད་རོགས་བཅས་བྱས་ནས། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་ཆེད་ཆ་རྐྱེན་ཡག་པོ་གཏོད་དགོས་ཞེས་གསུངས་པ་རེད།

  
style="display:none;"