མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐེ་ལན་རྒྱལ་ལྡན་རྒྱལ་ཁབ་ཀྱི་རྒྱལ་པོ་ཝ་ཅི་ལ་ལུང་ཀུང་ཁྲིར་
གསོལ་བར་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་06ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེ་ལན་རྒྱལ་ལྡན་རྒྱལ་ཁབ་ཀྱི་རྒྱལ་པོ་ཝ་ཅི་ལ་ལུང་ཀུང་ཁྲིར་གསོལ་བར་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ་རེད།
           ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་ད་རེས་རྒྱལ་པོ་མཆོག་ཁྲིར་གསོལ་བའི་སྐབས་འདིར་རང་ཉིད་ཀྱིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་རྒྱུ་དང་འབྲེལ་རང་ཉིད་མི་སྒེར་གྱི་མིང་ཐོག་ནས་སྐུ་ཉིད་དང་ཐེ་ལན་མི་དམངས་ལ་ལྷག་བསམ་རྣམ་དག་གི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན། ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཞིག་ཡིན་པའི་སྐུ་ཉིད་ཀྱིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་ཐེ་ལན་གྱི་མཛའ་གྲོགས་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ཡོད། རང་ཉིད་ཀྱིས་ཀྲུང་གོ་དང་ཐེ་ལན་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། སྐུ་ཉིད་དང་ལྷན་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཐེ་ལན་གྱི་སྲོལ་རྒྱུན་མཛའ་གྲོགས་མུ་མཐུད་དར་སྤེལ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཐེ་ལན་རྒྱལ་ལྡན་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་མི་དམངས་རྣམས་བདེ་སྐྱིད་ཁམས་བཟང་ལྡན་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"