མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་21ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   《རྒྱལ་སྤྱིའི་དམག་དོན་མཉམ་ལས་ལས་དོན་གྱི་ སྲོལ་ཡིག》ཡོངས་བསྒྲགས་གནང་བ།

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་གནང་བ་དང་། 《རྒྱལ་སྤྱིའི་དམག་དོན་མཉམ་ལས་ལས་དོན་གྱི་སྲོལ་ཡིག》ཡོངས་བསྒྲགས་བྱས་ཏེ་2021ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
   《རྒྱལ་སྤྱིའི་དམག་དོན་མཉམ་ལས་ལས་དོན་གྱི་སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེའི་དམིགས་ཚད་དང་མི་དམངས་དམག་དཔུང་ཕྱོགས་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་སོན་ལ་འཛུགས་རྒྱུར་དམིགས་པ། སྤྱི་ཡོངས་ལ་ཞབས་ཞུ་དང་། བྱས་རྗེས་ཧུར་ཐག་འཇོག་པ། མཉམ་ལས་གཉིས་ཁེ་བཅས་མཐའ་འཁྱོངས་བྱེད་པ། མཐའ་ཚད་ཀྱི་བསམ་ཕྱོགས་དང་ཁྲིམས་སྐྱོང་གི་བསམ་ཕྱོགས་ཤུགས་ཆེར་གཏོང་བ། ཕྱི་ནང་གི་ཐོན་ཁུངས་སྤྱི་འདོམས་མཐུན་སྦྱོར་བྱེད་པ། མཉམ་ལས་བྱེད་སྟངས་སྣ་ཚོགས་ཕྱོགས་བསྡུས་བཀོལ་སྤྱོད་བྱེད་པ། དུས་རབས་གསར་པའི་རྒྱལ་སྤྱིའི་དམག་དོན་མཉམ་ལས་ཀྱི་བཀོད་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་པ་བཏོན་པ་དེས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་ནུས་ལྡན་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།
   《རྒྱལ་སྤྱིའི་དམག་དོན་མཉམ་ལས་ལས་དོན་གྱི་སྲོལ་ཡིག》ལ་བསྡོམས་ལེའུ་8དང་དོན་ཚན་48ཡོད་པ་དང་། དེ་ནི་རང་རེའི་དམག་དཔུང་གིས་རྒྱལ་སྤྱིའི་དམག་དོན་མཉམ་ལས་ལས་དོན་སྤེལ་བའི་གཞི་རྩའི་གཞི་འཛིན་ས་ཞིག་རེད། སྲོལ་ཡིག་ནང་རྒྱལ་སྤྱིའི་དམག་དོན་མཉམ་ལས་ལས་དོན་གྱི་ལས་འགན་གཙོ་བོ་དང་མཉམ་ལས་ཁྱབ་ཁོངས་ཁ་གསལ་བཟོས་ཏེ་རྒྱལ་སྤྱིའི་དམག་དོན་མཉམ་ལས་ལས་དོན་གྱི་འཆར་འགོད་འཆར་གཞི་དང་། ཉེན་ཁ་དོ་དམ་དང་ཚོད་འཛིན། ལས་དོན་འགན་ལེན་བཅས་དང་དེ་བཞིན་ཞིབ་བཤེར་ཚོད་སྐོར་སོགས་ཀྱི་ལམ་ལུགས་བཟོས་ནས་རྒྱལ་སྤྱིའི་དམག་དོན་མཉམ་ལས་སྒྲིག་འཛུགས་དང་ལག་བསྟར་བྱེད་པའི་གོ་རིམ་དང་བྱེད་ཐབས་ཚད་ལྡན་དུ་བཏང་ཐོག་དུས་རབས་གསར་པའི་རྒྱལ་སྤྱིའི་དམག་དོན་མཉམ་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་སྔར་བས་ཆེ་རུ་གཏོང་བ་དང་རྒྱལ་སྤྱིའི་དམག་དོན་མཉམ་ལས་ལས་དོན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འགན་ལེན་ནུས་ལྡན་བྱས་ཡོད།

  
style="display:none;"