མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད། ཀྲུང་དབྱང་དམག་ཨུད་ཀྱིས《དུས་རབས་གསར་པའི་མི་དམངས་དམག་དཔུང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་མ་ལག་
འཛུགས་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་09ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད། ཉིན་ཤས་གོང་ཀྲུང་དབྱང་དམག་ཨུད་ཀྱིས《དུས་རབས་གསར་པའི་མི་དམངས་དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོའི་མ་ལག་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས་རིམ་པ་ཁག་ལ་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
   《བསམ་འཆར》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་བ། མི་དམངས་དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་བླང་བྱ་གལ་ཆེན་རབ་དང་རིམ་པ་ནན་ཏན་ངང་དོན་འཁྱོལ་བྱེད་པ། ཏང་གིས་དམག་དཔུང་གི་བསམ་བློ་ཆབ་སྲིད་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་པ། “ཡོད་པ་བཞི”ཞེས་པའི་དུས་རབས་གསར་པའི་གསར་བརྗེའི་དམག་མི་གསོ་སྐྱོང་བྱ་རྒྱུ་དང“འགྱུར་མེད་བཞི”ཞེས་པའི་ཉམས་སད་ཐེག་ཐུབ་པའི་དམག་དཔུང་འཛུགས་སྐྱོང་བྱ་རྒྱུར་དམིགས་པ། དར་ཆའི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། དམག་དཔུང་སྟོབས་ཆེར་བཏང་ནས་རྒྱལ་ཁ་ལེན་པར་དམིགས་པ། དྲང་སྲུང་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། མ་ལག་བསྐྱར་གཏོད་ལ་སྣང་ཆེན་བྱེད་པ། དེ་བཞིན་སློབ་གསོའི་འདུ་ཤེས་དང་། ནང་དོན། ཐབས་ཤེས། སྟོབས་ཤུགས། ལས་དོན་འཁོར་རྒྱུག ལམ་ལུགས་ལམ་སྲོལ་བཅས་གསར་གཏོད་བྱས་ཏེ། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོའི་མ་ལག་འཛུགས་རྒྱུའི་ཁ་ཕྱོགས་སྣེ་ཁྲིད་དང་། རྩ་བའི་ལས་འགན། ལག་ལེན་དོན་འཁྱོལ། གནད་འགག་འདེགས་སྐྱོར། ཐབས་ཤེས་ཐབས་ལམ། འགན་ལེན་གལ་ཆེན་བཅས་གསལ་པོར་བསྟན་ཡོད།
  《བསམ་འཆར》ནང་ངེས་པར་དུ་དུས་རབས་གསར་པར་དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་ཏང་གི་དམིགས་ཚད་ལ་བརྟེན་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་སྤྱི་འདོམས་བྱས་ཁར། དུས་རབས་གསར་པར་དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་ཏང་གི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དང་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲར་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་དམ་པོར་དམིགས་ཏེ། ཏང་གི་བཀོད་འདོམས་ལ་ཉན་མཁན་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས་པ་དང་། དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པའི་དམག་འཐབ་རུ་ཁག་ཅིག་ཏུ་ཞུན་བརྡར་གཏོང་དགོས། སྤྱོད་ཚུལ་བཟང་བའི་བུ་ཕྲུག་དམག་ཅིག་གཏོད་དགོས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པར་བརྟེན་ནས་བླ་སྲོག་བསྐྱར་གཏོད་དང་མི་སྣ་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་དམག་དཔུང་སྟོབས་ཆེར་གཏོང་བ་དང་རྒྱལ་ཁ་ལེན་ཐུབ་པའི་སྟོན་ཕྱོགས་འགན་ལེན་བྱེད་པ། འགོ་ཁྲིད་ལས་བྱེད་པའི་རང་དཔེ་གཞན་སྟོན་དེ་སློབ་གསོ་ཁྲིད་སྟོན་ལས་གལ་ཆེ་བའི་འགག་རྩ་དམ་པོར་འཛིན་པ། མང་ཚོགས་ཀྱི་ལམ་ཕྱོགས་སུ་ཡག་པོ་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་བསམ་བློ་ཆབ་སྲིད་སློབ་གསོའི་གསོན་ཤུགས་གསར་པ་འཕེལ་བར་བྱེད་པ་བཅས་བྱས་ནས་ཏང་ཨུད་ཀྱིས་སྤྱི་འདོམས་དང་། ཁུར་མཉམ་ལེན་དང་། དོན་སྤྱི་སྒྲུབ་བཅས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་བཀོད་པ་ཆེན་པོ་ཞིག་ཆགས་པར་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
   《བསམ་འཆར》ནི་དུས་རབས་གསར་པའི་མི་དམངས་དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོའི་མ་ལག་འཛུགས་པའི་རྩེ་རིམ་མཛུབ་ཁྲིད་ཅིག་ཡིན་པ་དང་། དེ་བས་ལེགས་པའི་སྒོ་ནས་ཏང་གིས་དམག་དཔུང་ལ་མུ་མཐུད་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བའི་བློ་སྟོབས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་པ། དེ་ལས་འགོ་འཛུགས་ས་གསར་པའི་ཐོག་ནས་རང་རེའི་དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོར་མཐོར་གཏོང་ཆེན་པོ་ཞིག་ཡོང་རྒྱུར་སྐུལ་འདེད་དང་དུས་རབས་གསར་པའི་མི་དམངས་དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོའི་རྣམ་པ་གསར་པ་བཏོད་དེ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་བསམ་བློ་ཆབ་སྲིད་ཀྱི་འགན་ལེན་ཐུབ་ངེས་ཡིན་པ་བཅས་རེད།

  
style="display:none;"