མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབང་དབྱང་གིས་ནང་སོག་ཏུ་བརྟག་ཞིབ་གནང་བ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་16ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་ནས་མེས་རྒྱལ་བྱང་རྒྱུད་མཐའ་མཚམས་ཀྱི་བདེ་འཇགས་བརྟན་ལྷིང་གི་སྲུང་ཡོལ་བརྟན་པོ་སྐྲུན་དགོས་ཞེས་ནན་བཤད་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐེ་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ནང་སོག་རང་སྐྱོང་ལྗོངས་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ནང་སོག་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཆ་ཚང་པོ་དང་ཡང་དག་པའི་སྒོ་ནས་གོ་བ་ལོན་པ་དང་ལག་ལེན་བསྟར་ཏེ། དུས་རབས་གསར་པའི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུའི་གཙོ་རྐང་དེ་དམ་པོར་འཛིན་པ། ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོར་འཛུགས་པ། ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་དབར་གྱི་འབྲེལ་བར་ངོས་འཛིན་དང་ཐག་གཅོད་ཡང་དག་བྱེད་པ། མི་རིགས་ཁྱབ་ཁོངས་ཀྱི་གདིང་རྩའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། “དཔེ་བཟང་རང་སྐྱོང་ལྗོངས”ཀྱི་བླ་ན་མེད་པའི་གཟི་བརྗིད་མཚན་སྙན་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། མཐའ་མཚམས་ལྷིང་འཇགས་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 
    ཚེས་12ནས་14ཉིན་བར་དབང་དབྱང་གིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ནང་སོག་ཏུ་ཕེབས་པ་དང་། ཚོགས་ཆུང་4ལ་བགོས་ཏེ་ཧུའུ་ཧོ་ཧའོ་ཐེ་དང་། པའོ་ཐོའུ། ཐུང་ལེའོ། ཤིས་ལིན་ཀོ་ལེ་སོགས་ཀྱི་ཏང་སྲིད་ལས་ཁུངས་དང་། གྲོང་ཁྱེར་དང་སྡེ་ཁུལ། གྲོང་གསེབ་དང་འབྲོག་ཁུལ། རིགས་ཁག་གི་སློབ་གྲྭ ཚན་ཞིབ་སྒྲིག་གཞི། རིག་གནས་ཚན་པ་བཅས་སུ་ཕེབས་ཏེ། རིམ་ཁག་ལས་བྱེད་པ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། མི་རིགས་ཁག་གི་མང་ཚོགས་བཅས་དང“1ལ་1”རྣམ་པའི་བཅར་གླེང་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་འགོ་ཡང་གསན་པ་རེད། དབང་དབྱང་གིས་རང་རྒྱལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འགག་རྩའི་དུས་སྐབས་སུ་གནས་ཡོད། འདི་ནི་དུས་རབས་གསར་པའི་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་རྒྱབ་ལྗོངས་ཆེ་ཤོས་ཤིག་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་ནི་མི་རིགས་བསྐྱར་དར་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདུ་འགོད་ཅིག་རེད། ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་ཆགས་སྟངས་ཤེས་རྟོགས་གཏིང་ཟབ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་དགོས་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ང་ཚོའི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་འབྱེད་བྱས་པ་དང་། ལོ་རྒྱུས་ཡུན་རིང་ལྡན་པ་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བྲིས་པ། འོད་སྟོང་འཕྲོ་བའི་རིག་གནས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བཏོད་པ། རླབས་ཆེན་གྱི་སྙིང་སྟོབས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་སྐྱེད་སྲིང་བྱས་པ་བཅས་ཡིན་པ་དུས་དང་རྣམ་པ་ཀུན་ཏུ་སེམས་སུ་བརྟན་པོར་ངེས་དགོས་པ་དང་། ལོ་རྒྱུས་ནི་མི་དམངས་ཀྱིས་བཏོད་པ་དང་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་གསུམ་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཡིན་པར་ངོས་འཛིན་གཏིང་ཟབ་ཐུབ་པ། མི་རིགས་ཁག་གི་ལོ་རྒྱུས་ཐོག་གི་ལེགས་སྐྱེས་དང་ལོ་རྒྱུས་མི་སྣའི་ནུས་པར་དོན་དངོས་དང་མཐུན་པའི་སྒོ་ནས་གདེང་འཇོག་བྱེད་པ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས། མི་རིགས་ཀྱི་འདུ་ཤེས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་དང་ཀྲུང་ཧྭའི་རིག་གནས་ལ་མོས་པ་བྱེད་ཤུགས་ཆེ་རུ་གཏོང་བའི་རྨང་གཞིའི་ཐོག མི་རིགས་ཁག་གི་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་གསར་གཏོད་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་མགྱོགས་མྱུར་ཁྱབ་གདལ་གཏོང་བ་དང་རྒྱལ་ཁབ་ཀྱི་གཅིག་གྱུར་རྩོམ་སྒྲིག་བསླབ་གཞི་ཁྱབ་གདལ་དང་བེད་སྤྱོད་གཏོང་བའི་ལས་དོན་ཡག་པོ་ཏན་ཏིག་བསྒྲུབས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཚན་རིག་དང་རིག་གནས་ཤེས་བྱ་དེ་བས་ལེགས་པའི་སྒོ་ནས་དང་ལེན་དང་། ལས་ཞུགས་ཀྱི་ནུས་པ་ཆེ་རུ་གཏོང་བ། དེང་རབས་སྤྱི་ཚོགས་དང་མཉམ་འདྲེས་བྱེད་དུ་འཇུག་དགོས་ཞེས་བསྟན་གནང་བ་རེད། 

  
style="display:none;"