མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཏི་ཡ་སི·ཁ་ནེའར་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོར་བདམས་ཐོན་བྱུང་
བར་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་22ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་19ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏི་ཡ་སི·ཁ་ནེའར་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྤྲིངས་གནང་བ་རེད།
    ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་ཁྱེད་རང་ཁུ་པ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་ཁུ་གུང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོར་བདམས་ཐོན་བྱུང་བ་་ཤེས་བྱུང་བས་དངོས་གནས་དགའ་ཚོར་ཆེན་པོ་བྱུང་། ངས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུ་རྒྱུ་དང་ང་རང་མི་སྒེར་གྱི་མིང་ཐོག་ནས་ཁྱེད་རང་དང་ཁྱེད་རང་བརྒྱུད་ནས་ཁུ་པ་གུང་ཁྲན་ཏང་གི་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།
   ཁུ་པ་གུང་ཁྲན་ཏང་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་ཁུ་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཆར་འགོད་བྱས་ཡོད། ཁྱེད་རང་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོར་བདམས་ཐོན་བྱུང་བ་དེ་ལས་ཁུ་པ་གུང་ཁྲན་ཏང་གི་ཏང་ཡོན་ཡོངས་དང་ཁུ་པ་མི་དམངས་ཀྱིས་ཁྱེད་རང་ལ་ཡིད་ཆེས་དང་རེ་སྒུག་བྱས་པ་མཚོན་གྱི་ཡོད། ཁྱེད་རང་གི་འགོ་ཁྲིད་འོག་ཁུ་པའི་ཏང་དང་སྲིད་གཞུང་གིས་ཁུ་པའི་མི་དམངས་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་དང་གསར་གཏོད་ཡར་བརྩོན་བྱས་ནས་ཁུ་པའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཡིད་ཆེས་ཡོད།
   ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྐབས་རིམ་བྱུང་གི་འགོ་ཁྲིད་མི་སྣའི་གསོ་སྐྱོང་ཞིབ་ཚགས་དང་སྐུལ་འདེད་ཤུགས་ཆེན་འོག ཀྲུང་ཁུའི་འབྲེལ་བ་ལོ་རྒྱུས་ཡུན་རིང་ལྡན་ལ་དེ་བས་གཏིང་ཟབ་ཏུ་འགྲོ་རྒྱུ་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུ་རེད། ཉེ་བའི་ལོ་ཤས་རིང་ངེད་གཉིས་པོ་དུས་རབས་གསར་པར་ཀྲུང་ཁུའི་འབྲེལ་བ་འཕེལ་རྒྱས་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད། དུས་བབ་གསར་པའི་འོག་ངས་ཁྱེད་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་གཏོང་བ་དང་། སྤེལ་རེས་མཉམ་ལས་གཏིང་ཟབ་བྱེད་པ། ཀྲུང་ཁུའི་སྤྱི་ཚོགས་རིང་ལུགས་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
   ཁྱེད་རང་ལ་འགོ་ཁྲིད་ཀྱི་ལས་གནས་གསར་པའི་ཐོག་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན།

  
style="display:none;"