མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་
ཚོགས་ཆེན་ཐོག་གི་གསུང་བཤད》ཀྱི་སྐད་ཡིག་རིགས་མང་པོའི་དེབ་རྐྱང་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་22ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི་ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད》ཀྱི་ཨུ་རུ་སུ་དང་། ཧྥ་རན་སེ། སི་ཕེན། ཨ་རབ། རི་པིན། འཇར་མན་བཅས་ཀྱི་སྐད་ཡིག་རིགས་དྲུག་གི་དེབ་རྐྱང་པ་ཉེ་ཆར་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
   ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད》ནང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100སོང་རིང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བཏོད་པའི་རླབས་ཆེན་གྱི་འགྲོ་ལམ་དང་། གསར་གཏོད་ཀྱི་རླབས་ཆེན་གྱི་བྱ་གཞག ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་བཅས་བརྒྱུད་རིམ་ལྡན་པའི་ངང་ཕྱིར་དྲན་གནང་ཡོད། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་རྔམ་བརྗིད་ལྡན་པའི་སྒོ་ནས་ཁྱབ་བསྒྲགས་གནང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་བསྐྱོད་པའི་འགྱུར་མེད་ཀྱི་ཆོད་སེམས་བབ་བརླིང་ལྡན་པའི་ངང་ཁྱབ་བསྒྲགས་གནང་བ་དང་སྦྲགས། ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་གཏོད་པའི་རྩ་བའི་བླང་བྱ་རྒྱས་བཤད་གཏིང་ཟབ་གནང་ཡོད། གསུང་བཤད་གལ་ཆེན་གྱི་སྐད་ཡིག་རིགས་མང་པོའི་དེབ་རྐྱང་པ་འདི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེ་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོས་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་འབད་འཐབ་ལྷོད་མེད་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་རླབས་ཆེན་གྱི་གྲུབ་འབྲས་དང་། གྲུབ་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་སྙིང་སྟོབས། བཏོད་པའི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འགྲོ་ལམ་གསར་པ་དང་མིའི་རིགས་ཀྱི་ཤེས་དཔལ་གྱི་ཐབས་རྣམ་གསར་པ། དར་སྤེལ་བཏང་བའི་ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་སོགས་ཤེས་རྟོགས་སྔར་བས་གཏིང་ཟབ་ཐུབ་རོགས་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

  
style="display:none;"