མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་གསར་དུ་བསྐོ་གཞག་བྱས་པའི་ནེའུ་ཙི་ལན་གྱི་ཙུང་ཏུའུ་ཅི་ལུའོ་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་23ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསར་དུ་བསྐོ་གཞག་བྱས་པའི་ནེའུ་ཙི་ལན་གྱི་ཙུང་ཏུའུ་ཅི་ལུའོ་ལ་གློག་འཕྲིན་བཏང་གནང་ནས་ཁོང་ནེའུ་ཙི་ལན་གྱི་ཙུང་ཏུའུ་ལ་བསྐོ་གཞག་བྱས་པར་རྟེན་འབྲེལ་ཞུས་པ་རེད།
    ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ནང་། ཀྲུང་གོ་དང་ནེའུ་ཙི་ལན་ནི་ཕན་ཚུན་མཉམ་ལས་ཀྱི་རོགས་ཟླ་གལ་ཆེན་ཞིག་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་49སོང་ཚུན། ཀྲུང་ནེའུ་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ཕྱོགས་གཉིས་པོས་མཉམ་ལས་བྱས་ཏེ“ཨང་དང་པོ”མང་པོ་བཏོད་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་བསྐྲུན་ཡོད། ཏོག་གསར་རིམས་ནད་ཀྱི་མདུན་དུ་ཀྲུང་ནེའུ་ཕྱོགས་གཉིས་པོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་སླར་གསོ་སོགས་ཀྱི་ཐད་གྲུབ་འབྲས་ཐོབ་པའི་མཉམ་ལས་བྱས་ཡོད། ངས་ཀྲུང་ནེའུ་ཡི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཏུའུ་ཅི་ལུའོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་གླེང་མོལ་དང་། སྤེལ་རེས། མཉམ་ལས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ནེའུ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་ཡོད།

  
style="display:none;"