མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གི《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་མཐའ་གཅིག་
ཏུ་གཏོང་རྒྱུའི་སྐོར་སྨྲ་བ》འཇར་མན་ཡི་གེའི་པར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་26ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི་ཞི་ཅིན་ཕིང་གི《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་རྒྱུའི་སྐོར་སྨྲ་བ》འཇར་མན་ཡི་གེའི་པར་མ་ཉེ་ཆར་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
    ཞི་ཅིན་ཕིང་གི《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་རྒྱུའི་སྐོར་སྨྲ་བ》དེ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་རྒྱུའི་སྐོར་སྨྲ་བའི་རྩོམ་ཡིག་གལ་ཆེན་85བསྡུས་ཡོད། དེབ་དེའི་འཇར་མན་ཡི་གེའི་པར་མ་དང་དེ་གོང་དཔེ་སྐྲུན་བྱས་པའི་དབྱིན་ཇི་དང་། ཧྥ་རན་སེ། རི་པིན། ཨུ་རུ་སུ། ཨ་རབ་བཅས་ཀྱི་ཡི་གེའི་པར་མ་བཅས་ཀྱིས་ཕྱི་རྒྱལ་གྱི་ཀློག་པ་པོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་ཤེས་རྟོགས་གཏིང་ཟབ་དང་ཞི་ཅིན་ཕིང་གི་ཕུན་སུམ་ཚོགས་པའི་ཕྱི་འབྲེལ་དགོངས་པའི་ནང་དོན་དང་རང་རྒྱལ་གྱི་ཕྱི་འབྲེལ་མཛད་ཕྱོགས་སྲིད་ཇུས་སོགས་ལ་གོ་བ་གཏིང་ཟབ་ལེན་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

  
style="display:none;"