མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་
བརྙན་འཕྲིན་ཁང་གི་ཨོ་ལིམ་ཕིག་འཕྲིན་ལམ་དང་དེའི་གྲངས་འཛིན་ལས་སྟེགས་སྤྱོད་འགོ་ཚུགས་པར་
རྟེན་འབྲེལ་ཞུས་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་27ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཨོ་ལིམ་ཕིག་འཕྲིན་ལམ་དང་དེའི་གྲངས་འཛིན་ལས་སྟེགས་སྤྱོད་འགོ་ཚུགས་པའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་གནང་བ་རེད།
   ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ཨོ་ལིམ་ཕིག་འཕྲིན་ལམ་གྱིས་ཨོ་ལིམ་ཕིག་ལུས་རྩལ་དང་རིག་གནས་བརྒྱུད་སྤེལ་བྱེད་པ་བརྒྱུད་ཀྲུང་གོའི་ལུས་རྩལ་གཏམ་རྒྱུད་བརྗོད་པ་དང་། ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དར་སྤེལ་གཏོང་བ། རྒྱལ་སྤྱིའི་ལུས་རྩལ་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རང་རྒྱལ་དང་འཛམ་གླིང་རྒྱལ་ཁབ་ཁག་དབར་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རེས་དང་དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།
   ཞི་ཅིན་ཕིང་གིས། ཉིན་100ལྷག་ཙམ་སོང་རྗེས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་རྒྱུ་རེད། ཁྱེད་ཚོས་དྲང་སྲུང་གསར་གཏོད་ཀྱིས་ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་གངས་འཁྱགས་ལུས་རྩལ་པ་ཚོས་འབད་བརྩོན་ལྷོད་མེད་དང་རང་ཉིད་ལས་རྣམ་པར་རྒྱལ་བའི་འབད་འཐབ་ལོ་རྒྱུས་ཀྱི་ལམ་བུ་ངོ་མཚར་ཆེན་པོས་ངོམ་པ་དང་། ལྗང་མདོག་དང་། མཉམ་སྤྱོད། སྒོ་དབྱེ། 
   སྤྱོད་གཙང་བཅས་ཀྱི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་གཉེར་བའི་འདུ་ཤེས་རྒྱས་བཤད་གཏིང་ཟབ་བྱས་ཏེ་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ངོ་མཚར་ཆེ་བ་དང་། 
    ཁྱད་དུ་འཕགས་པ། གཡུར་དུ་ཟ་བ་བཅས་ཀྱི་ཨོ་ལིམ་ཕིག་གི་ལེའུ་གསར་པ་ཞིག་ཕྱོགས་ཡོངས་ནས་མངོན་པར་བྱ་རྒྱུའི་རེ་བ་ཡོད། 
   ཁྱེད་ཚོས་བདེ་ཐང་གི་འཚོ་བའི་འདུ་ཤེས་དར་སྤེལ་ཧུར་ཐག་གཏོང་བ་དང་མང་ཚོགས་ཀྱི་ལུས་རྩལ་དང་གཞོན་ནུ་ལོ་ཆུང་གི་ལུས་རྩལ་འཕེལ་རྒྱས་ལ་དོ་ཁུར་བྱས་ཏེ་ཀྲུང་ཧྭའི་ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
   ཚེས་25ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཨོ་ལིམ་ཕིག་འཕྲིན་ལམ་དང་དེའི་གྲངས་འཛིན་ལས་སྟེགས་སྤྱོད་འགོ་ཚུགས་པའི་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། མཛད་སྒོའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་བྱས་པ་དང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧོ་ཡི་བརྙན་ལམ་ཤིས་ཚིག་བསྟན་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་མཛད་སྒོར་ཞུགས་པ་དང་འབྲེལ་སྤྱོད་འགོ་ཚུགས་པ་ཁྱབ་བསྒྲགས་ཀྱང་གནང་བ་རེད།
   ཨོ་ལིམ་ཕིག་འཕྲིན་ལམ་ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་འཐབ་ཇུས་མཉམ་ལས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པའི་ནང་བརྙན་འཕྲིན་འཕྲིན་ལམ་དང་གྲངས་འཛིན་ལས་སྟེགས་ཚུད་ཡོད། དེའི་ནང་ཨོ་ལིམ་ཕིག་བརྙན་འཕྲིན་འཕྲིན་ལམ་ལ་ཕྱི་ཕྱོགས་སུ་CCTV-16འབོད་པ་དེ་ནི་རྒྱལ་སྤྱིའི་ཐོག་4Kརབ་གསལ་དང་ཆེས་གསལ་ཚད་གཞིའི་ཐོག་ནས་ཆུ་ཚོད་24ཡི་རིང་སྲུང་སྐར་ནས་དུས་གཅིག་ཏུ་བསྟན་པའི་ཆེད་ལས་ཀྱི་ལུས་རྩལ་འཕྲིན་ལམ་དང་པོ་དེ་རེད། 

  
style="display:none;"