མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ་རེད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་27ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་དང་པོའི་གོ་ལ་ཧྲིལ་པོའི་སྨྱན་སྦྱོར་གསར་གཏོད་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ་རེད། 
     ཞི་ཅིན་ཕིང་གིས་བསྟན་དོན། 2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་ཉེར་ཡོད་པ་དང་ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ལ་སྟབས་བདེ་དང་། བདེ་འཇགས། ངོ་མཚར་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་འབུལ་རྒྱུ་ཡིན། ད་ཐེངས་ཀྱི་གླེང་སྟེགས་ཐོག“ཚན་རྩལ་ཅན་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་མཉམ་སྤྱོད་”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཚོགས་ཞུགས་སྐུ་མགྲོན་ཚོ་དང་བློ་གྲོས་གཅིག་ཏུ་བསྡུས་ནས་མཉམ་དུ་གྲོས་བསྡུར་དང་སྤེལ་རེས་བྱས་ཏེ། ངོ་མཚར་ཆེ་བའི་སྒོ་ནས་གངས་འཁྱགས་ལུས་རྩལ་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ་དང་། ཨོ་ལིན་ཕིག་གི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཨོ་ལིན་ཕིག་དགུན་དུས་ལུས་རྩལ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། 
     གོ་ལ་ཧྲིལ་པོའི་སྨྱན་སྦྱོར་གསར་གཏོད་གླེང་སྟེགས་སྐབས་དང་པོ་དེ་ཉིན་དེར་པེ་ཅིང་དུ་འགོ་ཚུགས་པ་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པ་རེད།

  
style="display:none;"