མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་དབྱིན་ཇིའི་ཚོགས་པ་48ཀྱི་སྤྲོ་སྐྱིད་ཁང་གི“འབྲེལ་ལམ་གཤོང་མཁན”གྱི་2022
ལོའི་དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་28ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱིན་ཇིའི་ཚོགས་པ་48ཀྱི་སྤྲོ་སྐྱིད་ཁང་གིས་དབྱིན་ཀྲུང་ཚོང་དོན་མཐུན་ཚོགས་དང་དབྱིན་ཇིའི་ཀྲུང་གོའི་ཚོང་ཚོགས་དང་མཉམ་དུ་ལོན་ཏོན་དུ་གཉེར་བའི“འབྲེལ་ལམ་གཤོང་མཁན”གྱི་2022ལོའི་དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
   ཞི་ཅིན་ཕིང་གིས་དུས་རབས་གོང་མའི་ལོ་རབས་50པར་སྐུ་ཞབས་ཅེ་ཁེ·ཕེ་ལིས་སྐུ་ཚབ་གནང་བའི་དབྱིན་ཇིའི་ཁེ་ལས་མཁས་ཅན་གྱིས“འབྲེལ་ལམ་གཤོང་བའི་བྱ་སྤྱོད”སྤེལ་འགོ་བཙུགས་པ་དེས་ནུབ་ཕྱོགས་ཀྱིས་ཀྲུང་གོར་ཚོང་དོན་སྤེལ་བའི་འབྲེལ་ལམ་བཤངས་པ་རེད། འདི་ལོ་ནི་ཀྲུང་དབྱིན་དབར་གཞུང་ཚབ་ཆེ་མོ་རིམ་པའི་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་ཞིག་ཡིན་པས་འདས་ཟིན་པའི་ལོ་ཟླར་ཕྱིར་མིག་ལྟ་སྐབས་ང་ཚོས་ཀྲུང་དབྱིན་འབྲེལ་བ་འཕེལ་རྒྱས་ཆེད་ལོ་རྒྱུས་ཀྱི་ལེགས་སྐྱེས་འབུལ་མཁན་གྲོགས་པོ་རྙིང་པ་བརྗེད་མི་སྲིད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་རྒྱལ་ཁབ་གཉིས་པོའི་དཔྱོད་ལྡན་པ་དང་བཟོ་ཚོང་ལས་རིགས་ཀྱི་འཐུས་མིས“འབྲེལ་ལམ་གཤོང་བའི་སྙིང་སྟོབས”མཐའ་འཁྱོངས་ཀྱིས་གཉིས་ཁེ་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས་ཀྲུང་དབྱིན་མཛའ་གྲོགས་ལ་དུས་རབས་ཀྱི་ནང་དོན་གསར་པ་སྤྲད་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
style="display:none;"