མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་15ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་རི་པིན་གྱི་དབུ་བཞུགས་བློན་ཆེན་དང་མཇལ་འཛོམས་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༠ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་་ཚོགས་ཁང་ཆེ་མོར་ཁ་ཆད་ལྟར་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པར་ཕེབས་པའི་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཉེ་བའི་ལོ་གཉིས་རིང་ཀྲུང་གོ་དང་རི་པིན་གྱི་འབྲེལ་བར་དཀའ་ངལ་ཆེན་པོ་འཕྲད་པའི་བདེན་རྫུན་དྲང་འཁྱོག་གསལ་པོ་ཡིན། ཕྱོགས་གཉིས་པོས་ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་ཐག་གཅོད་བྱེད་པ་དང་ལེགས་སུ་གཏོང་བའི་ཐད་ཐུན་མོང་ངོས་འཛིན་བྱུང་བའི་རྩ་དོན་བཞི་བཏོན་པས་རེ་བར་རི་པིན་ཕྱོགས་ཀྱིས་ཐུན་མོང་ངོས་འཛིན་གྱི་སྙིང་དོན་ལ་གཞིགས་ནས་འབྲེལ་ཡོད་གནད་དོན་འོས་འཚམ་ངང་ཐག་གཅོད་བྱེད་པ་དང་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད། ཞིས་ཅིན་ཕིང་གིས་ལོ་རྒྱུས་ཀྱི་གནད་དོན་ནི་ཀྲུང་གོ་མི་དམངས་དུང་ཕྱུར་༡༣ལྷག་ཙམ་གྱི་བརྩེ་དུང་དང་འབྲེལ་བ་ཡོད་པ་དང་ས་ཁུལ་དེ་གའི་ཞི་མཐུན་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། རི་པིན་གྱིས་ཀྲུང་གོ་དང་རི་པིན་ཕྱོགས་གཉིས་པོའི་ཆབ་སྲིད་ཡིག་ཆ་དང“ཚུན་ཧྲན་གླེང་མོལ”སོགས་སྐབས་རིམ་བྱུང་སྲིད་གཞུང་གི་ཁས་ལེན་བརྟན་སྲུང་བྱས་ཚེ་གཞི་ནས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་འབྱུང་འགྱུར་ལ་ཁ་ཕྱོགས་པའི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་ཐུབ་ཅེས་ནན་བཤད་གནང་བ་རེད།
        ཨན་པེ་ཅིན་སན་གྱིས་ཀྲུང་གོའི་ཞི་བདེ་འཕེལ་རྒྱས་དེ་རི་པིན་དང་འཛམ་གླིང་གི་ངོས་ནས་བརྗོད་ན་གོ་སྐབས་གལ་ཆེན་ཞིག་རེད། རི་པིན་ཕྱོགས་ཀྱིས་ཕྱོགས་གཉིས་པོའི་དབར་གྱི་ཐུན་མོང་ངོས་འཛིན་བྱུང་བའི་རྩ་དོན་བཞི་དོན་འཁྱོལ་བྱས་ནས་འབྲེལ་ཡོད་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ་མ་ཟད། དེ་འགོ་འཛུགས་ས་གསར་པར་བྱས་ནས་རི་ཀྲུང་དབར་གྱི་འཐབ་ཇུས་གཉིས་ཕན་འབྲེལ་བ་ལེགས་སུ་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། རི་པིན་གྱིས་ཞི་བདེ་དང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་མུ་མཐུད་སྐྱོད་རྒྱུའི་སེམས་ཐག་བཅད་པ་དང་སྐབས་དེའི་རི་པིན་སྲིད་གཞུང་གིས་ལོ་་རྒྱུས་གནད་དོན་ཐད་ཀྱི་སྐབས་རིམ་བྱུང་གི་རི་པིན་སྲིད་གཞུང་གི་ངོས་འཛིན་མུ་མཐུད་མཐའ་འཁྱོངས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་གྲུབ་འབྲས་ཐོབ་པའི་ངང་གཙོ་གཉེར་བྱེད་པར་རི་པིན་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།