མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་15ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་མཇལ་འཛོམས་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༠ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཝེ་ཐེ་ནམ་གྱི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཀྲང་ཅིན་ཁྲོང་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཝེའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནས་བཟུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་བར་ཆད་བྱུང་ཡང་སྤྱི་ཡོངས་ནས་བརྗོད་ན་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད། བློ་སྒོ་ཕྱེ་བ་གལ་ཆེན་ཞིག་ནི་ཕྱོགས་གཉིས་པོས་ཁྱོན་ཡོངས་ལ་དམིགས་པ་དང་། ཕུགས་ལ་གཞི་ཚུགས་པ། ཕན་ཚུན་བརྩི་འཇོག་བྱེད་པ། མཛའ་མཐུན་གྲོས་མོལ་བཅས་བྱས་ཚེ་ཀྲུང་ཝེ་་དབར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་འགྲོ་ཐུབ་པ་དེ་རེད། དེང་སྐབས་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་རྒྱལ་སྤྱིའི་འགྲན་རྩོད་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད། ཀྲུང་ཝེ་གཉིས་ཀས་སྒྱུར་བཅོས་དང་གསར་བརྗེས་་བྱེད་བཞིན་ཡོད་པར་བརྟེན་མཉམ་ལས་གཏིང་ཟབ་བྱེད་པ་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་མཐུན་པ་དང་ས་ཁུལ་དེ་གའི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་ཕན་ཐོགས་ཡོད། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཝེ་ཐེ་ནམ་དབར་གྱི་འབྲེལ་བར་ཚད་མཐོའི་སྣང་ཆེན་བྱེད་ཀྱི་ཡོད་པ་དང་ཀྲུང་ཝེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་་རྒྱས་སྔར་བས་ཡག་ཏུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         ཀྲང་ཅིན་ཁྲོང་གིས་ཝེ་ཐེ་ནམ་གྱི་ཏང་དང་སྲིད་གཞུང་དང་མི་དམངས་ཀྱིས་ཝེ་ཀྲུང་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ལ་གཅེས་སྤྲས་བྱེད་པ་དང་ཁྱིམ་མཚེས་རྒྱལ་ཁབ་གཉིས་འཆམ་མཐུན་དང་མཛའ་མཐུན་ངང་མཉམ་ལས་བྱེད་པའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་ཀྱི་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དབར་སྦྲེལ་མཐུད་དང་དམངས་ཁྲོད་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་བ་དང་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ཕྱོགས་གཉིས་པོའི་འབྲེལ་བ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཝེ་ཀྲུང་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་ལམ་བུ་ཡང་དག་བརྒྱུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།