མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་པུ་རུ་ནེའི་རྒྱལ་པོ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་15ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་པུ་རུ་ནེའི་རྒྱལ་པོ་དང་མཇལ་འཛོམས་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༠ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་པུ་རུ་ནེའི་རྒྱལ་པོ་ཧ་སང་ནེའར་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་པུ་རུ་ནེ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་བྱེད་པ་དང་ལྟ་སྟངས་འདྲ་མཉམ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཆེ་ཆུང་ཞི་མཐུན་མཉམ་གནས་དང་གཉིས་ཁེ་གཉིས་ཐོབ་ཀྱི་མིག་དཔེ་ཡག་པོ་ཞིག་གཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་པུ་རུ་ནེ་ཕྱོགས་དང་མཚོ་ཐོག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ལྷོ་རྒྱ་མཚོ་ཐུན་མོང་ཐོག་གསར་སྤེལ་བྱེད་པར་ངོ་བོའི་རང་བཞིན་གྱི་ཡར་རྒྱས་གང་མགྱོགས་ཐོབ་རྒྱུར་སྐུལ་མ་བཏང་ནས་ཀྲུང་གོ—ཨེ་ཤེ་ཡ་ཤར་ལྷོའི་མནའ་མཐུན་རྒྱལ་ཁབ་ཀྱི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་མ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཧ་སང་ནེའར་གྱིས་ཀྲུང་གོ་ནི་པུ་རུ་ནེའི་བློས་འགེལ་ཆོག་པའི་གྲོཊ་པོ་ཡིན། པུ་རུ་ནེ་ཕྱོགས་ཀྱིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས་༢༡པའི་མཚོ་ཐོག་དར་གོས་ལམ་བུ་བསྐྲུན་རྒྱུའི་གྲོས་འགོ་བཏོན་པ་དེར་ཚད་མཐོའི་གདེང་འཇོག་བྱ་རྒྱུ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཕྱིར་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།