མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་རྒྱལ་ཁབ་༢༠ཚོགས་པའི་དབུ་ཚོགས་ཐེངས་དགུ་པར་ཞུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་14ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༣ཉིན་ཕྱི་འབྲེལ་པུས་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱར་ལས་ཁུངས་ཁག་ལ་གོ་བརྡ་གཏོང་བའི་ཚོགས་འདུ་འཚོགས་ཤིང་། ཕྱི་འབྲེལ་པུའི་པུའུ་ཀྲང་ལས་རོགས་པ་ཀྲེང་ཙེ་ཀོང་དང་རྒྱལ་སྤྱིའི་དཔལ་འབྱོར་སིའི་སི་ཀྲང་ཀྲང་ཅུན་གཉིས་ཀྱིས་ཀྲུའུ་ཞི་ཞིས་ཅིན་ཕིང་མི་འགྱངས་པར་རྒྱལ་ཁབ་༢༠ཚོགས་པའི་དབུ་ཚོགས་ཐེངས་དགུ་པར་ཞུགས་རྒྱུ་ཡིན་པ་དང་། ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་དང་། ནེའུ་ཙི་ལན་རྒྱལ་ཁབ། ཧྥི་ཅི་རྒྱལ་ཁབ་གསུམ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ་མ་ཟད། ཧྥི་ཅི་རྒྱལ་ཁབ་ཏུ་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འབྲེལ་བ་བཙུགས་པའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ཞལ་འཛོམས་ཡང་གནང་རྒྱུ་ཡིན་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། གསར་འགོད་པས་བཏོན་པའི་དྲི་བར་ལན་ཡང་བཏབ་པ་རེད།