མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཡུན་ཧྲན་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྟོན་དུས་སློབ་དུས་ཀྱི་ཟབ་སྦྱོང་འཛིན་གྲྭ་ཁག་
གཉིས་པའི་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་15ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལིའུ་ཡུན་ཧྲན་ཀྲུང་དབྱང་ཏང་གི་སློབ་གྲྭའི་སྟོན་དུས་སློབ་དུས་ཀྱི་ཟབ་སྦྱོང་འཛིན་གྲྭ་ཁག་
གཉིས་པའི་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༤ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་༢༠༡༤ལོའི་སྟོན་དུས་སློབ་དུས་ཀྱི་ཟབ་སྦྱོང་འཛིན་གྲྭ་ཁག་གཉིས་པའི་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིའུ་ཡུན་ཧྲན་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
     ལིའུ་ཡུན་ཧྲན་གྱིས་འགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་སྣེ་ཁྲིད་ཀྱིས་ཁྲིམས་སློབ་སྦྱོང་དང་། ཁྲིམས་ལུགས་ལ་བརྩི་བཀུར། ཁྲིམས་ལུགས་བརྩི་སྲུང་། ཁྲིམས་ལུགས་བེད་སྤྱོད་བཅས་བྱ་དགོས་པ་ནི་ཏང་གིས་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་གཏོང་བར་འགོ་ཁྲིད་བྱེད་པའི་ཁྲོད་ལྡན་དགོས་པའི་དོན་སྙིང་ཡིན་ཞིང་། ཁྲིམས་ལུགས་འཛུགས་སྤེལ་བྱེད་པའི་ཐད་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་ཐུབ་མེད་དེ་ཁྲིམས་ལུགས་ཀྱི་དབང་གྲགས་འཛུགས་ཐུབ་མེད་དང་། ཁྲིམས་སྐྱོང་སྒྲིག་ལམ་ལྡན་པར་བྱེད་ཐུབ་མེད། ཁྲིམས་སྐྱོང་ལག་ལེན་ལ་ཕན་འབྲས་ཐོབ་པ་བྱེད་ཐུབ་མེད་བཅས་དང་ཐད་ཀར་འབྲེལ་བ་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱ་རྒྱུའི་བླང་བྱ་གསར་པ་དང་བསྟུན་ཏེ་ཁྲིམས་ལུགས་སློབ་སྦྱོང་བྱེད་པའི་ཐད་སྔར་ལས་སྒོ་ཀུན་གཏིང་ཟབ་བྱས་ཏེ་གཞན་གྱི་སྔོན་ལ་སློབ་སྦྱོང་དང་གཞན་ལས་ལྷག་པ་བྱ་དགོས་པ་དང་། ཁྲིམས་ལུགས་ལ་བརྩི་བཀུར་ཞུ་བའི་ཐད་སྔར་ལས་བློ་བརྟན་རང་རྟོཊ་བྱས་ཏེ་དངོས་འབྲེལ་ཁོང་དུ་ཆུད་པ་དང་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས་པ། ཁྲིམས་ལུགས་བརྩི་སྲུང་བྱེད་པའི་ཐད་སྔར་ལས་རང་གཅུན་ནན་པོ་བྱས་ཏེ་དུས་དང་རྣམ་པ་ཀུན་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཚད་གཞིར་འཛིན་དགོས་པ། ཁྲིམས་ལུགས་བེད་སྤྱོད་བྱེད་པའི་ཐད་སྔར་ལས་ཧུར་བརྩོན་རང་འགུལ་བྱས་ཏེ་དོན་དག་བྱུང་དུས་ཁྲིམས་ལུགས་ལ་བརྟེན་པ་དང་། དོན་གཅོད་བྱེད་དུས་ཁྲིམས་ལུགས་ལ་བསྟུན་པ། གནད་དོན་ཐག་གཅོད་བྱེད་དུས་ཁྲིམས་ལུགས་གཞིར་འཛིན་པ་བཅས་ཀྱི་སྤྱོད་ལམ་གྱི་གོམས་འདྲིས་ཆགས་པར་བྱས་ཏེ་ཧུར་བརྩོན་ཆེན་པོས་ཁྲིམས་སྐྱོང་ཅན་གྱི་འགོ་ཁྲིད་ལས་བྱེད་པར་བྱ་དགོས་ཞེས་གསུངས་པ་རེད།