མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་འབར་མའི་ཙུང་ཐུང་ཝུའུ་ཏེ་ཧྲེང་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་15ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་གིས་འབར་མའི་ཙུང་ཐུང་ཝུའུ་ཏེ་ཧྲེང་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་འབར་མའི་རྒྱལ་ས་ནེ་པུ་ཏུའུ་གྲོང་ཁྱེར་དུ་འབར་མའི་ཙུང་ཐུང་ཝུའུ་ཏེ་ཧྲེང་ལ་མཇལ་འཕྲད་གནང་སྐབས། ལི་ཁེ་ཆང་གིས་ཕྱོགས་གཉིས་ཀས་མཐོ་རིམ་བར་གྱི་འབྲེལ་གཏུག་རྒྱུན་འཁྱོངས་དང་།སྲིད་གཞུང་དང་སྲིད་ཏང་ལ་སོགས་པའི་གྲོས་མོལ་སྤེལ་རེས་ལམ་སྲོལ་བེད་སྤྱོད་ལེགས་པར་བྱེད་ཅིང་། འཐབ་ཇུས་ཐོག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཆབ་སྲིད་ཐོག་ཕན་ཚུན་ཡིད་ཆེས་ཇེ་ཟབ་བྱ་དགོས་པ་དང་། རྣམ་གྲངས་ཆེ་གྲས་ཐད་ཀྱི་མཉམ་ལས་སྤེལ་དགོས་ཞེས་གསུངས་པ་རེད། གྲོས་མོལ་མཇུག་འགྲིལ་རྗེས་ཕྱོགས་གཉིས་ཀྱིས་ཚོང་དོན་དང་ཞིང་ལས། དངུལ་རྩ། ནུས་ཁུངས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་འབྲེལ་བྱ་རྒྱུའི་ཀན་རྒྱ་བཞག་པ་རེད།

༄༅།།ལི་ཁེ་ཆང་གིས་འབར་མའི་ཙུང་ཐུང་ཝུའུ་ཏེ་ཧྲེང་ལ་མཇལ་འཕྲད་གནང་བ།