མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་སྐབས་དགུ་པའི་ཨེ་ཤེ་ཡ་ཤར་མའི་དབུ་ཚོགས་ལ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་14ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་སྐབས་དགུ་པའི་ཨེ་ཤེ་ཡ་ཤར་མའི་དབུ་ཚོགས་ལ་ཞུགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་13ཉིན་གྱི་སྔ་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་འབར་མ་རྒྱལ་ཁབ་ཀྱི་ནེ་པི་ཏུའུ་གྲོང་ཁྱེར་དུ་སྐབས་དགུ་པའི་ཨེ་ཤེ་ཡ་ཤར་མའི་དབུ་ཚོགས་ལ་ཞུགས་ཤིང་།  ཚོགས་འདུའི་ཐོག་ལི་ཁེ་ཆང་གིས་ཀྲུང་གོ་ནི་སྔ་ཕྱི་བར་གསུམ་དུ་ཨེ་ཤེ་ཡ་ཤར་མ་ས་ཁུལ་ཞི་བདེ་བརྟན་ལྷིང་ཡོང་བར་བྱེད་པའི་སྟོབས་ཤུགས་ཤིག་ཡིན་ཞིང་། བློ་བརྟན་འགྱུར་མེད་ཀྱིས་ཞི་བདེའི་ངང་འཕེལ་རྒྱས་གཏོང་རྒྱུའི་འགྲོ་ལམ་དུ་འགྲོ་ངེས་ཡིན་པ་དང་། ས་ཁུལ་འདིའི་རྒྱལ་ཁབ་ཁག་དང་མཉམ་དུ་ཨེ་ཤེ་ཡའི་ཁེ་ཕན་གྱི་ཐུན་མོང་ཚོཊ་པ་དང་། འགན་འཁྲིའི་ཐུན་མོང་ཚོགས་པ། ལས་སྐལ་གྱི་ཐུན་མོང་ཚོགས་པ་བཅས་འཛུགས་སྐྲུན་བྱེད་འདོད་ཡོད། ཨེ་ཤེ་ཡ་ཤར་མ་ཡུན་རིང་བདེ་འཁོད་ཡོང་བར་ལམ་ལུགས་དང་བཀོད་སྒྲིག་བརྟན་པོ་དགོས་ཤིང་། ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་དང་སྔ་ཙམ“ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག”འཇོག་འདོད་ཡོད་པ་མ་ཟད། ས་ཁུལ་སྔར་ལས་མང་བའི་རྒྱལ་ཁབ་དང་ཁྱིམ་མཚེས་རྒྱལ་ཁབ་བར་མཛའ་མཐུན་ཡོང་བའི་ཁྲིམས་ཀྱི་ཡིག་ཆ་འཇོག་རྒྱུར་ཞིབ་དཔྱད་དང་། ས་ཁུལ་གྱི་གནས་ཚུལ་དངོས་དང་མཐུན་པའི་བདེ་སྲུང་འདུ་ཤེས་དང་སྒྲོམ་གཞི་འཛུགས་རྒྱུར་ཞིབ་དཔྱད་བྱེད་འདོད་ཀྱང་ཡོད་ཅེས་གསུངས་པ་རེད།