མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཧྥི་ཅི་རྒྱལ་ཁབ་ཀྱི་ཙུང་ཐུང་ནེ་ལ་ཏི་ཁའོ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་24ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཧྥི་ཅི་རྒྱལ་ཁབ་ཀྱི་ཙུང་ཐུང་ནེ་ལ་ཏི་ཁའོ་དང་མཇལ་འཛོམས་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༡ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ནན་ཏིར་ཧྥི་ཅིའི་ཙུང་ཐུང་ནེ་ལ་ཏི་ཁའོ་དང་མཇལ་འཛོམས་གནང་བ་རེད། ནེ་ལ་ཏི་ཁའོ་ཡིས་ཧྥི་ཅིའི་མི་དམངས་ཀྱི་ཚབ་ཞུས་ཏེ་ཞིས་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་ཆེན་པོས་དགའ་བསུ་ཞུས་པ་དང་ཁོང་གིས་ཀྲུའུ་ཞི་ཞིས་ཅིན་ཕིང་གི་འཚམས་འདྲི་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་ཧྥི་ཅིར་འཚམས་འདྲི་གནང་ཐེངས་དང་པོ་ཡིན་པས་ཧྥི་ཀྲུང་འབྲེལ་བ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་མ་ཐེབས་ངེས་རེད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཧྥི་ཅི་ནི་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་ཁུལ་རྒྱལ་ཁབ་ཀྱི་གྲོགས་པོ་ངོ་མ་དང་རོགས་ཟླ་གལ་ཆེར་བརྩི་གི་ཡོད། ཧྥི་ཅི་མི་དམངས་ཀྱིས་རང་བདག་ངང་བདམས་པའི་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་། ཧྥི་ཅི་ཕྱོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་རྒྱབ་སྐྱོར། རྒྱལ་སྤྱིའི་ཐོག་ཧྥི་ཅི་ཕྱོགས་ཀྱི་ལུགས་མཐུན་གྱི་དགོས་འདུན་ལ་རྒྱབ་སྐྱོར་བཅས་བྱེད་ཀྱི་ཡོད། ཕྱི་ལོ་ནི་ཀྲུང་ཧྥིའི་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བས་ཀྲུང་གོ་ཕྱོགས་ཀྱིས་ཧྥི་ཅི་ཕྱོཊ་དང་རིམ་ཁག་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་དམ་པ་དོན་གཉེར་གྱི་མཉམ་ལས་རྒྱ་ཆེར་བཏང་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་མ་གཏོང་འདོད་ཡོད། ངས་ད་རེས་འཚམས་འདྲི་ཞུས་པ་བརྒྱུད་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་འབྲེལ་བའི་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
         ནེ་ལ་ཏི་ཁའོ་ཡིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཧྥི་ཅི་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧྥི་ཅིས་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་འབད་བརྩོན་བྱེད་བཞིན་ཡོད་པ་དང་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཧྥི་ཅིས“བྱང་ལ་ལྟ་བའི”ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་གཞིར་བརྩི་བ་དང་ཀྲུང་གོ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།