མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པར་མཇལ་
འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་04ཉིན། 12:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་2ཉིན་པེ་ཅིང་དུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པའི་འཐུས་མིར་མཇལ་འཕྲད་གནང་བ་རེད།
          ཡུས་ཀྲེང་ཧྲེང་གིས་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་སྒྲིག་འཛུགས་བྱས་ཏེ་མེས་རྒྱལ་ནང་སར་ལྟ་སྐོར་དང་སློབ་སྦྱོང་བྱེད་པ་དེ་ནི་རང་རྒྱལ་མི་རིགས་ལས་དོན་གྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་ལ་མི་རིགས་ལས་དོན་ཡག་པོ་སྒྲུབ་རྒྱུའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། གྲངས་ཉུང་མི་རིགས་སྤུན་ཟླ་རྒྱལ་ས་པེ་ཅིང་དུ་སླེབས་པ་དང་། མེས་རྒྱལ་ནང་ས་དང་མཚོ་རྒྱུད་ས་ཁུལ་དུ་བསྐྱོད་ནས་སྤྱི་ཚོགས་རིང་ལུགས་མེས་རྒྱལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ཉམས་སུ་མྱོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་སྤུན་ཟླའི་མཛའ་སེམས་ཚོར་བ་བྱེད་པ་དེས་མི་རིགས་ཁག་དབར་གྱི་འགྲོ་འོང་སྤེལ་རེས་འབྲེལ་འདྲེས་ལ་སྐུལ་མ་ཐེབས་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་འགྲོ་བའི་ཐོག་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལས་འགན་སྒྲུབ་སེམས་དང་འགན་འཁྲིའི་བསམ་པ་ཆེ་རུ་འགྲོ་ཐུབ། ངེས་པར་དུ་སྲོལ་རྒྱུན་བཟང་པོ་དང་། ཉམས་མྱོང་བཟང་པོ། བྱེད་ཐབས་བཟང་པོ་བཅས་མཐའ་འཁྱོངས་བྱེད་པ་དང་འཕེལ་རྒྱས་ཡག་པོ་གཏོང་དགོས་ཞེས་གསུངས་པ་རེད།
         ཡུས་ཀྲེང་ཧྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མི་རིགས་མང་བ་ནི་རང་རྒྱལ་གྱི་ཁྱད་ཆོས་ཆེན་པོ་ཞིག་ཡིན་ལ་རང་རྒྱལ་འཕེལ་རྒྱས་གཏོང་བའི་ཕན་ཡོད་ཀྱི་རྒྱུ་རྐྱེན་ཆེན་པོ་ཞིག་ཀྱང་ཡིན་ཞེས་གསལ་སྟོན་གནང་ཡོད། འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བ་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་ལ་ཀྲུང་ཧྭ་མི་རིགས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་ལོ་ཞིག་ཀྱང་ཡིན། མི་རིགས་ཀྱི་རང་བཙན་བརྩོན་ལེན་དང་མི་དམངས་ལ་བཅིངས་འགྲོལ་ཐོབ་པ་དེ་མི་རིགས་56གིས་དཔུང་པ་མཉམ་གཤིབ་ངང་འབད་འཐབ་བྱས་པ་དང་ཁ་བྲལ་ཐབས་མེད་ལ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་མི་རིགས་ཁག་གི་བུ་ཕྲུག་ཚོས་མཐུན་སྒྲིལ་འབད་འབུངས་བྱ་རྒྱུ་དང་དེ་བས་ཁ་བྲལ་ཐབས་མེད་ཅེས་ནན་བཤད་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་ལྟ་སྐོར་ཚོགས་པའི་ཁོངས་མིར་སློབ་སྦྱོང་དང་སྤེལ་རེས་ཀྱི་གོ་སྐབས་ལ་གཅེས་འཛིན་བྱས་ཏེ་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་ཕ་ཡུལ་དུ་འཁྱེར་ནས་དཔེ་བཟང་གི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་དགོས་པ་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་བྱེད་མཁན་གྱི་མིག་དཔེ་བཟང་པོ་ཞིག་བྱས་ཏེ་མི་རིགས་ལས་དོན་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པར་གོ་བ་ནན་ཏན་བླངས་ཏེ་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་ཆེ་རུ་གཏོང་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་རྒྱུའི་ལག་ལེན་ནང་ཞུགས་མཁན་གྱི་མིག་དཔེ་བཟང་པོ་ཞིག་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་སྣེ་ཁྲིད་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་བདེ་སྐྱིད་ཀྱི་འཚོ་བ་གཏོད་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་མི་རིགས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་ཐབས་དང་ནུས་པ་འབུལ་དགོས་པ། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་མི་རིགས་ཁག་དབར་གྱི་འགྲོ་འོང་སྤེལ་རེས་འབྲེལ་འདྲེས་ལ་སྐུལ་འདེད་གཏོང་མཁན་གྱི་མིག་དཔེ་བཟང་པོ་ཞིག་བྱས་ཏེ“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་བཙུགས་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ནང་མི་རིགས་ཁག་མཛའ་ཤིང་བརྩེ་ལ་སྲུང་གཅེས་རོགས་རེས་ཐུབ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་མཁན་གྱི་མིག་དཔེ་བཟང་པོ་ཞིག་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་ལས་སླ་པོར་ཐོབ་པ་མིན་པའི་དུས་བབ་བཟང་པོར་གཅེས་འཛིན་ལྡབ་བརྒྱ་བྱ་རྒྱུར་སྣེ་ཁྲིད་བྱེད་པ་དང་། མི་རིགས་མངའ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་སྐུལ་མ་ཧུར་ཐག་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོའི་སེམས་ནང་རྒྱལ་ཁབ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་གི་ལྕགས་རི་རིང་པོ་སྐྲུན་དགོས་པ་བཅས་ཀྱི་སྐུལ་ལྕག་གནང་བ་རེད།