མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》སོགས་ཀྲུང་གོའི་བརྗོད་བྱ་གཙོ་བོའི་
དཔེ་དེབ་འགྲེམས་ཚོང་གཟའ་འཁོར་དེ་ལྷོ་ཨ་ཧྥེ་རི་ཁར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་06ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ལྷོ་ཨ་ཧྥེ་རི་ཁར་ཕེབས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ལ་ཞུགས་སྐབས་ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་3ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་གསར་འགྱུར་གཞུང་དོན་ཁང་དང་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་གཉིས་ཀྱིས་གཙོ་གཉེར་དང་ཀྲུང་གོའི་དཔེ་དེབ་ཕྱིར་གཏོང་ནང་འདྲེན་(ཚོགས་པ)སྤྱི་ཁྱབ་ཀུང་སིས་གཉེར་འགན་འཁུར་བའི་2015ལོའི་ལྷོ་ཨ་ཧྥེ་རི་ཁའི“ཀྲུང་གོའི་བརྗོད་བྱ་གཙོ་བོའི་དཔེ་དེབ་འགྲེམས་ཚོང་གཟའ་འཁོར”གྱི་བྱེད་སྒོ་དེ་གཡོད་ཧན་ནེ་སི་པའོ་རུ་དངོས་སུ་སྤེལ་འགོ་ཚུགས་པ་རེད།
     གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་འགྲེམས་ཚོང་བྱེད་སྒོའི་དུས་ཡུན་གཟའ་འཁོར་གཅིག་ཡིན་ལ། ལྷོ་ཨ་ཧྥེ་རི་ཁའི་ཆེད་དོན་དཔེ་དེབ་ཀུང་སི་གཡོད་ཧན་ནེ་སི་པའོ་དང་རྒྱལ་ས་ཕི་རི་ཐོ་རི་ཡའི་མུ་འབྲེལ་དཔེ་ཁང་མང་པོ་ཞིག་ཏུ་《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》དང་། 《ཀྲུང་གོའི་ལམ་བུ་དང་ཀྲུང་གོའི་ཕུགས་འདུན་》《སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་》སོགས་དེང་རབས་ཀྲུང་གོའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་མཚོན་པའི་དཔེ་དེབ་གཙོ་གནད་ཐོག་འགྲེམས་ཚོང་བྱེད་རྒྱུ་རེད། 

  
2015-12-06 2015-12-02 2015-12-02 2015-12-01 2015-11-30 2015-11-30