མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་དང་བཟོ་ཚོང་ལས་རིགས་ཀྱི་འཐུས་མིའི་
མཐོ་རིམ་སྐད་ཆ་ཤོད་རེས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁེ་ལས་མཁས་ཅན་
ཚོགས་ཆེན་སྐབས་ལྔ་པའི་མཇུག་འགྲིལ་མཛད་སྒོར་ཞུགས་པ་དང་
འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་07ཉིན། 16:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་དང་བཟོ་ཚོང་ལས་རིགས་ཀྱི་འཐུས་མིའི་
མཐོ་རིམ་སྐད་ཆ་ཤོད་རེས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁེ་ལས་མཁས་ཅན་
ཚོགས་ཆེན་སྐབས་ལྔ་པའི་མཇུག་འགྲིལ་མཛད་སྒོར་ཞུགས་པ་དང་
འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་4ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གཡོད་ཧན་ནེ་སི་པའོ་རུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་དང་བཟོ་ཚོང་ལས་རིགས་ཀྱི་འཐུས་མིའི་མཐོ་རིམ་སྐད་ཆ་ཤོད་རེས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁེ་ལས་མཁས་ཅན་ཚོགས་ཆེན་སྐབས་ལྔ་པའི་མཇུག་འགྲིལ་མཛད་སྒོར་ཞུགས་པ་དང་འབྲེལ་《ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་དགོས་》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོའི་བཟོ་ལས་ཅན་གྱི་ཉམས་མྱོང་ལོངས་སུ་སྤྱད་དེ་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལྷད་མེད་མཛའ་གྲོགས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་རོགས་རེས་མཉམ་ལས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
         ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་དང་། ཨ་ཧྥེ་རི་ཁ་མནའ་འབྲེལ་རེས་སྐོར་ཀྲུའུ་ཞི་ཙམ་པབ་ཝེའི་ཙུང་ཐུང་མུའུ་ཅ་པེ། ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཙུའུ་མ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་དབུ་ཚོགས་ལ་ཕེབས་པའི་ཨ་ཧྥེ་རི་ཁའི་འགོ་ཁྲིད་བཅས་དང་དེ་བཞིན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁེ་ལས་མཁས་ཅན་400ལྷག་ཙམ་ཚོགས་ཆེན་ལ་ཞུགས་ཡོད།
        ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་ཤོས་ཡོད་པའི་ཨ་ཧྥེ་རི་ཁའི་གླིང་དེ་ཉེ་བའི་ལོ་ཤས་རིང་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད། མིག་སྔར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་སྲིད་གཞུང་ཚང་མས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་ལྟེ་བའི་ལས་འགན་དུ་བརྩི་གི་ཡོད། ཨ་ཧྥེ་རི་ཁའི་བཟོ་ལས་ཅན་དང་གྲོང་ཁྱེར་ཅན་གྱི་འཕེལ་རིམ་གྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱུར་སྒུལ་ཤུགས་གསར་པ་སྦྱིན་སྟབས་ཨ་ཧྥེ་རི་ཁ་དེ་ཉིད་འཕར་སྣོན་འགྲོ་མགྱོགས་ཤོས་དང་རེ་བ་ཆེ་ཤོས་ཀྱི་སྐམ་ས་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅེས་བསྟན་པ་རེད།
         ཞིས་ཅིན་ཕིང་གིས་ད་ལྟ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་དེ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་ཅིག་ཏུ་སླེབས་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོའི་བཟོ་ལས་ཅན་གྱི་ཉམས་མྱོང་ལོངས་སུ་སྤྱད་ནས་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་གྱི་འཕེལ་རིམ་ལ་མ་དངུལ་དང་། ལག་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱེད་འདོད་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལྷད་མེད་མཛའ་གྲོགས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་རོགས་རེས་མཉམ་ལས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཐད་གྲོས་འགོ་ལྔ་བཏོན་གནང་བ་སྟེ། གཅིག གཉིས་ཕན་འདྲ་མཉམ་གྱི་མཉམ་ལས་མཐའ་འཁྱོངས་དང་། འོས་འགན་དང་ཁེ་ཕན་གལ་ཆེ་མཉམ་འཛིན་གྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་དགོས་པ་དང་། གཉིས། སྒོ་དབྱེའི་བསྟུན་མཁས་ཀྱི་ཕྱོགས་མང་མཉམ་ལས་མཐའ་འཁྱོངས་བྱས་ནས་གཉིས་ཕན་གྱི་རྨང་གཞིའི་ཐོག་རྒྱལ་ཁབ་གཞན་དག་གི་ཁེ་ལས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ནང་ཞུགས་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན། གསུམ། ནུས་པའི་ཕྱོགས་སྟོན་གྱི་དངོས་སྒྲུབ་མཉམ་ལས་མཐའ་འཁྱོངས་བྱས་ཏེ་ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་ཕྱོགས་དང་དངོས་སྤྱོད་ཉེར་སྤྱོད་ཀྱི་ལག་རྩལ་སོར་འཇོག་སྤུ་ཙམ་ཡང་མེད་པའི་སྒོ་ནས་ལོངས་སུ་སྤྱད་དེ་ཐོན་ལས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཨ་ཧྥེ་རི་ཁའི་ངལ་རྩོལ་ནུས་ཤུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། ལས་ཞུགས་གཏོད་པ་བཅས་བྱས་ནས་ཨ་ཧྥེ་རི་ཁའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་འདོད་ཡོད། བཞི། ལྗང་མདོག་ཐཱན་ཉུང་གི་རྒྱུན་མཐུད་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་ང་ཚོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་སྣོད་བཅུད་སྲུང་སྐྱོང་གི་རྣམ་གྲངས་ལག་ལེན་བསྟར་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྣོད་བཅུད་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རོགས་བྱ་རྒྱུ་ཡིན། ལྔ། རྨང་གཞི་སྔོན་སྤེལ་གྱི་གཙོ་གནད་མཉམ་ལས་མཐའ་འཁྱོངས་བྱས་ཏེ་ང་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁྱོན་ཡོངས་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཁྱོན་ཡོངས་ནས་འཆར་འགོད་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱིས་དམངས་ལ་བདེ་བ་སྐྲུན་པ་དང་དམངས་ལ་ཕན་པ་འདོགས་ཐུབ་པ་བྱ་རྒྱུ་ཡིན་པ་བཅས་རེད།
         ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་དང་ཨ་ཧྥེ་རི་ཁའི་མནའ་འབྲེལ་རེས་སྐོར་ཀྲུའུ་ཞི་ཙམ་པབ་ཝེའི་ཙུང་ཐུང་མུའུ་ཅ་པེས་འདས་ཟིན་པའི་ལོ་བཅོ་ལྔའི་རིང་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ད་རེས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་དབུ་ཚོགས་འཚོག་རིང་ཚོང་དོན་དང་། མ་འཇོག དངུལ་རྩ། བཟོ་ལས་ཅན། འབྲུ་རིགས་ཀྱི་བདེ་འཇགས། རྨང་གཞིའི་སྒྲིག་བཀོད། ནུས་རྒྱུ། རྒྱ་མཚོའི་དཔལ་འབྱོར། ཡུལ་སྐོར། འཕྲོད་བསྟེན། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཨ་ཧྥེ་རི་ཁ་དང་ཀྲུང་གོ་དབར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་བྱུང་ཡོད། དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མཉམ་ལས་བྱ་ཐབས་མང་པོ་ཁྱབ་བསྒྲགས་གནང་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་སྦྱིན་པ་དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་གདེང་ཚོད་ཆེན་པོ་བྱུང་ཡོད།
         ཨ་ཧྥེ་རི་ཁའི་བཟོ་ལས་ཅན་གྱི་འཕེལ་རྒྱས་ལ་ཀྲུང་གོ་དང་ཁ་བྲལ་ཐབས་མེད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁེ་ལས་མཁས་ཅན་གྱིས་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་འཚོལ་ཞིབ་བྱས་ནས་ཨ་ཧྥེ་རི་ཁའི་དཔལ་འབྱོར་ལ་སྐུལ་མ་གཏོང་ཆེད་ནུས་པ་ཆེན་པོ་འདོན་དགོས་ཞེས་གསུངས་པ་རེད།
          ཚོགས་འདུར་ཞུགས་མཁན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁེ་ལས་མཁས་ཅན་གྱི་འཐུས་མིས་ཀྲུང་གོའི་དཔལ་འབྱོར་འཕར་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གོ་སྐབས་དེ་བས་མང་བ་བྱུང་སྟེ་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་མ་ཐེབས་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ནུས་མཉམ་ལས་སོགས་ཁྱབ་ཁོངས་ཆེན་པོའི་ནང་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་མདུན་ལམ་ཡག་པོ་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁེ་ལས་ཀྱིས་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལོངས་སུ་སྤྱོད་པ་དང་ལག་གདང་སྦྲེལ་ནས་མཉམ་སྐྱོད་བྱས་ཏེ་གཉིས་ཕན་ཡོང་བ་བྱེད་དགོས་ཞེས་བཤད་པ་རེད།
         གོང་ཚེས་ཉིན་ཞིས་ཅིན་ཕིང་གིས་ད་དུང་ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་རེས་སྐོར་ཀྲུའུ་ཞི་ཙམ་པབ་ཝེའི་ཙུང་ཐུང་མུའུ་ཅ་པེ་དང་ལྷན་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གོ་མཚོན་བཟོ་སྐྲུན་ལས་རིགས་ཀྱི་འགྲེམས་སྟོན་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་འགྲེམས་སྟོན་གྱི་དར་ཚོན་ཡང་འབྲེག་གནང་བ་རེད།

  
2015-12-06 2015-12-02 2015-12-02 2015-12-01 2015-11-30 2015-11-30