མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》གི་དབང་གྲགས་ལྡན་པའི་
ཟུར་ཁྲིད་ཀློག་དེབ་ཁག་དང་པོ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་09ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྒྲིག་ཨུད་ཁྲིམས་སྲོལ་ཁང་གིས་རྩོམ་སྒྲིག་བྱས་པའི་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》སློབ་སྦྱོང་གི་ཟུར་ཁྲིད་དང་། སློབ་སྦྱོང་གི་ལན་འདེབས། “འབྲེལ་ཡོད་གཏན་འབེབས”གང་མྱུར་འཚོལ་བ་སོགས་ཀྱི་དབང་གྲགས་ལྡན་པའི་ཟུར་ཁྲིད་ཀློག་དེབ་ཁག་དང་པོ་དེ་ཀྲུང་གོ་ཧྥང་ཀྲེང་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
         འདི་ལོའི་ཟླ་10ཚེས་18ཉིན་ཀྲུང་གུང་ཀྲུང་དབྱང་གིས་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》(གཤམ་དུ་《སྲོལ་ཡིག་》ཅེས་བསྡུད་རྒྱུ)དཔར་འགྲེམས་བྱས་པ་རེད། 《སྲོལ་ཡིག་》ཁྱབ་བསྒྲགས་བྱས་རྗེས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་དོ་ཁུར་རྒྱ་ཁྱབ་ཐོབ་ནས་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་སྒྲིག་ཨུད་ཀྱི་བླང་བྱ་དོན་འཁྱོལ་དང་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་《སྲོལ་ཡིག་》སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུར་སྐུལ་མ་གཏོང་ཆེད་ཀྲུང་དབྱང་སྒྲིག་ཨུད་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་བརྒྱུད་རིམ་ལྡན་པའི་ཟུར་ཁྲིད་ཀྱི་ཀློག་དེབ་དེ་རྩོམ་སྒྲིག་བྱས་པ་རེད། ཟུར་ཁྲིད་ཀློག་དེབ་ཀྱིས་《སྲོལ་ཡིག་》ལ་ཕྱོགས་ཡོངས་ནས་གསལ་འགྲེལ་གཏིང་ཟབ་བྱས་པ་མ་ཟད། བཟོ་བཅོས་བྱས་ཚུལ་དང་ཁྲིམས་སྲོལ་དོན་ཚན་གྱི་དགོངས་གཞིར་འཆད་འགྲེལ་བྱས་པར་དབང་གྲགས་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཧ་ཅང་ཆེན་པོ་ལྡན་ཡོད། 《སློབ་སྦྱོང་གི་ཟུར་ཁྲིད་》ནང་ཏང་གི་སྒྲིག་ཡིག་ནང་གི་འབྲེལ་ཡོད་གཏན་འབེབས་དང་སྲིད་གཙང་ཚད་གཞིའི“བྱེད་མི་ཆོག་པ་52”ཉིད་《སྲོལ་ཡིག་》ནང་དེ་མཚུངས་ཀྱི་གཏན་འབེབས་བྱས་ཚུལ། སྲོལ་ཡིག་གསར་རྙིང་བསྡུར་བའི་རེའུ་མིག་སོགས་ཀྱི་ནང་དོན་གཅིག་སྡུད་ཐོག་བཀོད་ཡོད་པ་རེད། 《སློབ་སྦྱོང་ལན་འདེབས་》ནང་ལན་འདེབས་ཀྱི་རྣམ་པའི་ཐོག་ནས་དོན་ཚན་གྱི་འབྲེལ་ཡོད་གཏན་འབེབས་ཐད་དོན་ཟབ་གོ་སླའི་སྒོ་ནས་ལན་བཏབ་པ་དང་རྒྱས་བཤད་བྱས་ཡོད། 《“འབྲེལ་ཡོད་གཏན་འབེབས”གང་མྱུར་འཚོལ་བ་》ཞེས་པའི་ནང་དོན་ཚན་ཁྲོད་ཀྱི“འབྲེལ་ཡོད་གཏན་འབེབས”ཀྱི་དཀར་ཆག་དང་འབྲེལ་ཡོད་ཁྲིམས་སྲོལ་གྱི་ནང་དོན་ཡོངས་རྫོགས་གཅིག་སྡུད་ཐོག་བཀོད་ཡོད་པ་རེད།
         དེ་དང་ཕྱོགས་མཚུངས་ཀྲུང་དབྱང་སྒྲིག་ཨུད་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི་》དང་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》གི་ནང་དོན་འགྲེལ་བཤད་སོགས་ཟུར་ཁྲིད་ཀློག་དེབ་རྩོམ་སྒྲིག་བྱས་ནས། ཉེ་དུས་བསྟུད་མར་ཀྲུང་གོ་ཧྥང་ཀྲེང་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱ་རྒྱུ་རེད།

  
2015-12-06 2015-12-02 2015-12-02 2015-12-01 2015-11-30 2015-11-30