མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས“འཕྲིན་འབྲེལ་དྲ་བའི་འོད་ཟེར”ཞེས་པའི་དངོས་མང་སྟོན་ཚོགས་
ལ་གཟིགས་ཞིབ་གནང་བ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་17ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས“འཕྲིན་འབྲེལ་དྲ་བའི་འོད་ཟེར”ཞེས་པའི་དངོས་མང་སྟོན་ཚོགས་
ལ་གཟིགས་ཞིབ་གནང་བ།

     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་16ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་ཝུའུ་གྲོང་རྡལ་དུ་“འཕྲིན་འབྲེལ་དྲ་བའི་འོད་ཟེར”ཞེས་པའི་དངོས་མང་སྟོན་ཚོགས་ལ་གཟིགས་ཞིབ་གནང་བ་རེད། ཞིས་ཅིན་ཕིང་གིས་འཕྲིན་འབྲེལ་དྲ་བས་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་དུ་བཅུག་ཡོད་པ་དང་ཁྱབ་ཁོངས་མང་པོ་ཞིག་གི་གསར་གཏོད་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱི་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད། ང་ཚོས་འཕྲིན་འབྲེལ་དྲ་བས་བསྐྲུན་པའི་གོ་སྐབས་གལ་ཆེན་བཀོལ་སྤྱོད་ལེགས་པོ་བྱས་ཏེ་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་ལྷན་དུ་གཟིགས་ཞིབ་གནང་བར་ཕེབས་པ་རེད། 

  
2015-12-17 215-12-09 2015-12-06 2015-12-02