མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དམངས་སྲིད་པུས་རྒྱལ་ཡོངས་ཀྱི་རོགས་སྐྱོབ་གཉེན་འཚོལ་དྲ་ཚིགས་སྤྱོད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་11ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། དམངས་སྲིད་པུས་གསར་སྤེལ་བྱས་པའི་རྒྱལ་ཡོངས་ཀྱི་རོགས་སྐྱོབ་གཉེན་འཚོལ་དྲ་ཚིགས་(http://xunqin.mca.gov.cn)ཉེ་ཆར་དྲ་ཐོག་བཏོན་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཡོད། དྲ་ཚིགས་དེ་ནི་དུས་ཡུན་རིང་པོར་ཕྱིར་འཁྱམ་སློང་མཁན་ལ་གཉེན་འཚོལ་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་དྲ་རྒྱའི་སྟེགས་བུ་ཞིག་ཡིན་པ་དང་། ས་ཆ་ཁག་གི་རོགས་སྐྱོབ་དོ་དམ་སྒྲིག་གཞི་ཚང་མས་དྲ་ཚིགས་དེ་བརྒྱུད་གཉེན་འཚོལ་སྤྱི་བསྒྲགས་བྱས་ཏེ་གཉེན་འཚོལ་དུད་ཚང་གིས་གར་སོང་ཆ་མེད་དུ་གྱུར་བའི་ཁྱིམ་མི་འཚོལ་རྒྱུར་སྟབས་བདེ་བསྐྲུན་པ་དང་འཁྱམ་པོ་གང་མགྱོགས་ཁྱིམ་དུ་ལོག་ཐུབ་རྒྱུར་རོགས་རམ་བྱེད་ཐུབ། 2016ལོའི་ཟླ་1ཚེས་6ཉིན་གྱི་ཉིན་དགུང་རྒྱལ་ཡོངས་ཀྱི་རོགས་སྐྱོབ་གཉེན་འཚོལ་དྲ་ཚིགས་ཐོག་རོགས་རམ་བྱ་ཡུལ་མི་སྣ་1497གྱི་གཉེན་འཚོལ་སྤྱི་བསྒྲགས་བྱས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་རོགས་སྐྱོབ་གཉེན་འཚོལ་དྲ་ཚིགས་འཁོར་རྒྱུག་བྱས་པ་དེས་རྒྱ་ཆེའི་སྤྱི་ཚོགས་ཀྱི་མི་འཚོལ་བ་དང་རོགས་རམ་བྱ་ཡུལ་མི་སྣ་ཁྱིམ་འཚོལ་བའི་དགོས་མཁོ་དང་ནུས་ལྡན་ངང་འབྲེལ་མཐུད་ཐུབ་སྟེ་སྲོལ་རྒྱུན་གྱི་གཉེན་འཚོལ་སྤྱི་བསྒྲགས་དེ་པར་ངོས་དང་། ས་ཁོངས། དུས་ཚད་སོགས་ཐད་ཀྱི་ཚོད་འཛིན་ལས་བརྒལ་ནས་ཁྱབ་ཁོངས་དེ་བས་ཆེ་བའི་ནང་འཁྱམ་པོ་ཁྱིམ་དུ་ལོག་ཐུབ་རྒྱུར་རོགས་རམ་ཐུབ་རྒྱུ་ཡིན་པ་རེད།

  
2016-01-09 2015-12-31