མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་གྲོན་དངུལ་སྒོར་དུང་ཕྱུར་14བཏང་སྟེ་ས་ཁུལ་དབུལ་པོའི་
བྱིས་པའི་འཚོ་བཅུད་ལེགས་སུ་བཏང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་14ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་ནོར་སྲིད་ཀྱིས་ལོ་4བསྟུད་མར་ཆེད་དོན་གྲོན་དངུལ་བསྡོམས་སྒོར་དུང་ཕྱུར་14བཏང་སྟེ་ས་ཁུལ་དབུལ་པོའི་བྱིས་པའི་འཚོ་བཅུད་ལེགས་སུ་གཏོང་བའི་ཐད་སྤྱད་ཡོད། རྣམ་གྲངས་དེ་ཞིང་ཆེན་21གི་རྫོང་དབུལ་པོ་341ལ་ཁྱབ་པ་དང་ད་བར་བྱིས་པ་ས་ཡ་གཅིག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2012ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་དོན་གྲོན་དངུལ་སྒོར་དུང་ཕྱུར་1བཏང་སྟེ་རྒྱལ་ཡོངས་ཀྱི་ཞིང་ཆེན་10(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དང་རྒྱལ་ཁབ་ཀྱི་གཅིག་སྡུད་ཡུག་སྦྲེལ་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་8ཀྱི་རྫོང་100རུ་ཟླ་བ་6ནས་ལོ་2བར་ལ་སླེབས་པའི་ཕྲུ་གུ་དམར་འབྱར་དང་བྱིས་པ་ཁྲི་27ལ་རིན་མི་དགོས་པར་ཉིན་ལྟར“འཚོ་བཅུད་ཁུག་མ”གཅིག་སྤྲད་ཡོད། 2013ལོར་སྒོར་དུང་ཕྱུར་3བར་མང་དུ་བཏང་བ་དང་2014ལོ་དང་2015ལོར་སྒོར་དུང་ཕྱུར་5བར་མང་དུ་བཏང་ཡོད་པ་རེད། ཉེ་ཆར་རྒྱལ་ཁབ་མ་བུའི་འཚོ་བཅུད་ཐོན་ལས་རྟེན་གཞི་སུའུ་ཀྲོའུ་གྲོང་ཁྱེར་དུ་བསྐྲུན་པ་དེས་བྱིས་པའི་འཚོ་བཅུད་རྒྱུན་སྲིང་འཕེལ་རྒྱས་འགྲོ་རྒྱུར་སྤུས་ལེགས་ཐོན་རྫས་འགན་ལེན་བྱ་རྒྱུ་ཡིན་པ་རེད།

  
2016-01-09 2015-12-31