མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་དུ་རིམ་པ་མང་བའི་རྒན་གསོ་ཞབས་ཞུའི་མ་ལག་རགས་ཙམ་ཆགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་05ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་3ཉིན་དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཀའོ་ཞའོ་པིང་གིས་དེའི་རིང་འཚོགས་པའི་སྐབས་ལྔ་པའི་ཀྲུང་གོ་རྒྱལ་སྤྱིའི་རྒན་གསོ་ཞབས་ཞུའི་ལས་རིགས་ཀྱི་དངོས་མང་སྟོན་ཚོགས་ཐོག་རང་རྒྱལ་དུ་ཁྱིམ་སྡོད་རྨང་གཞིར་བྱེད་པ་དང་། སྡེ་ཁུལ་རྟེན་སར་བྱེད་པ། སྒྲིག་གཞི་ཁ་གསབ་ཏུ་བྱེད་པ། སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་བྱེད་པ་བཅས་རིམ་པ་མང་བའི་རྒན་གསོ་ཞབས་ཞུའི་མ་ལག་རགས་ཙམ་ཆགས་ཡོད། སླད་ཕྱིན་རྒན་གསོ་ཞབས་ཞུའི་ཁྲོམ་རའི་སྒོ་མོ་ཁྱོན་ཡོངས་ནས་ཕྱེ་སྟེ་རྒན་རྒོན་གྱི་སྣེ་མང་ཅན་གྱི་རྒན་གསོ་ཞབས་ཞུའི་དགོས་མཁོ་སྐོང་རྒྱུ་ཡིན་ཞེས་བཤད་པ་རེད།
          བསྡོམས་རྩིས་ཀྱི་གྲངས་གཞི་ལས་མངོན་པར། 2015ལོའི་ལོ་མཇུག་བར། རང་རྒྱལ་གྱི་ལོ་60ཡན་དུ་སླེབས་པའི་རྒན་རྒོན་གྱི་མི་འབོར་དུང་ཕྱུར་2.22ཟིན་པ་དེས་སྤྱིའི་མི་འབོར་གྱི་16.1%ཙམ་བཟུང་ཡོད། ལོ་65ཡན་དུ་སླེབས་པའི་རྒན་རྒོན་གྱི་མི་འབོར་དུང་ཕྱུར་1.43ཟིན་པ་དེས་སྤྱིའི་མི་འབོར་གྱི་10.5%ཙམ་བཟུང་ཡོད།
          “མི་འབོར་ན་རྒས་ཅན་འཕེལ་བ་དེས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། རྒན་རྒོན་གྱི་རྒན་གསོ་ཞབས་ཞུའི་དགོས་མཁོ་མགྱོགས་མྱུར་ཆེ་རུ་ཕྱིན་ནས་རྒན་གསོའི་གནད་དོན་དེ་རྒྱལ་ཇུས་དམངས་འཚོར་ཤུགས་རྐྱེན་ཐེབས་པའི་འཐབ་ཇུས་ཀྱི་གནད་དོན་གལ་ཆེན་དུ་རིམ་གྱིས་འགྱུར་བཞིན་ཡོད། མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་བཅག་ནས་རྒན་གསོ་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན”ཞེས་ཀའོ་ཞའོ་པིང་གིས་བཤད་པ་རེད།
          གསར་འགོད་པས་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱས་པར། ད་ཕན་ལོ་ཤས་རིང་། རང་རྒྱལ་གྱི་རྒན་གསོ་ཞབས་ཞུ་འཕེལ་རྒྱས་མྱུར་པོ་ཕྱིན་ཞིང་། ན་ནིང་གི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་ཞིང་ཆེན་20ཡིས་ལོ་ན་མཐོ་བའི་རྒན་རྒོན་ལ་ཕོགས་སྣོན་གྲོན་དངུལ་སྤྲོད་པའི་ལམ་ལུགས་ལག་བསྟར་བྱས་པས་རྒན་རྒོན་ཁྲི་2155ལ་ཕན་པ་ཐོབ་ཡོད། ཞིང་ཆེན་23གྱིས་འཚོ་བར་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་རྒན་གསོ་ཞབས་ཞུའི་ཁ་གསབ་དངུལ་སྤྲོད་པའི་ལམ་ལུགས་ལག་བསྟར་བྱས་པས་རྒན་རྒོན་ཁྲི་654.9ལ་ཕན་པ་ཐོབ་ཡོད། རྒྱལ་ཡོངས་སུ་རྒན་གསོའི་ཉལ་ཁྲི་ཁྲི་680ཟིན་ནས་རྒན་རྒོན་ཆིག་སྟོང་རེར་ཉལ་ཁྲི་30.8ཡོད་པ་རེད། དུས་མཚུངས་ཅང་སུའུ་དང་ཧྲང་ཧའེ་སོགས་ཞིང་ཆེན་དང་གྲོང་ཁྱེར་ལྔ་རུ་སྡེ་ཁུལ་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་ཁྱབ་ཚད་100%ཟིན་པ་དང་གྲོང་གསེབ་ཏུ་ཉིན་མོའི་ལྟ་རྟོག་ལྟེ་གནས་ཁྱབ་ཚད་50%ལྷག་ཙམ་ཟིན་ཡོད་པ་རེད།
          ཀའོ་ཞའོ་པིང་གིས་སླད་ཕྱིན་རྒན་རྒོན་གྱི་སྣེ་མང་ཅན་གྱི་རྒན་གསོ་ཞབས་ཞུའི་དགོས་མཁོ་སྐོང་རྒྱུ་དམིགས་ཚད་དུ་བྱས་ཏེ་རྒན་གསོ་ཞབས་ཞུའི་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རྒན་གསོ་ཞབས་ཞུའི་ཁྲོམ་ར་ཁྱོན་ཡོངས་ནས་སྒོ་མོ་འབྱེད་པ། རྒན་རྒོན་གྱི་བདེ་ཐང་དང་རྒན་གསོའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རྒན་རྒོན་གྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་འབྲས་བུ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།