མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།2015ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཁྱོན་
ཁྲི་8746.1ཡོད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་05ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་3ཉིན་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་རྩ་འཛུགས་པུས་བསྡོམས་རྩིས་བརྒྱབ་པའི་གྲངས་གཞི་གསར་ཤོས་ཁྱབ་བསྒྲགས་བྱས་ཤིང་། 2015ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཁྱོན་ཁྲི་8746.1ཡོད་པ་དང་གཞི་རིམ་སྡེ་ཚོགས་རྩ་འཛུགས་ཁྲི་387.3ཡོད་པའི་ནང་གཞི་རིམ་གྱི་སྡེ་ཚོགས་ཨུ་ལྷན་ཁྲི་28.9དང་། གཞི་རིམ་སྡེ་ཚོགས་ལས་དོན་ཨུ་ལྷན་ཁྲི་2.3 སྡེ་ཚོགས་སྤྱི་ཁྱབ་ཀྲི་པུའུ་ཁྲི་21.5 སྡེ་ཚོགས་ཀྲི་པུའུ་ཁྲི་334.6བཅས་ཡོད་པ་རེད།