མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན། 《རྒྱལ་ཁབ་
ཅིག་དང་མི་རིགས་ཤིག་ལ་བླ་སྲོག་མེད་ན་མི་འགྲིག》ཅེས་པ་བཀོད་པ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་17ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བརྒྱད་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི《རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ལ་བླ་སྲོག་མེད་ན་མི་འགྲིག》ཅེས་པའི་གསུང་རྩོམ་གལ་ཆེན་འགོད་རྒྱུ་རེད།
    གསུང་རྩོམ་ནང་ནན་བཤད་གནང་དོན། དུས་རབས་གསར་པས་ཕུལ་བྱུང་གི་རྩོམ་རིག་མཁས་ཅན་དང་། སྒྱུ་རྩལ་མཁས་ཅན། རིགས་པའི་གཞུང་ལུགས་མཁས་ཅན་བཅས་ལ་རེ་འབོད་བྱེད་བཞིན་ཡོད་པས། རིག་རྩལ་གསར་རྩོམ་དང་རིག་གཞུང་གསར་གཏོད་ལ་བར་མཐོངས་ཧ་ཅང་རྒྱ་ཆེན་པོ་ཡོད། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། དུས་རབས་ཀྱི་འཕར་རྩ་ཁོང་དུ་ཆུད་པར་བྱེད་པ། དུས་རབས་ཀྱི་སྐད་སྒྲ་ཉན་པ་བཅས་བྱས་ཏེ། དུས་རབས་དང་གོམ་སྟབས་གཅིག་མཚུངས་དང་། མི་དམངས་ལྟེ་བར་འཛིན་པ། བརྩམས་ཆོས་རྩེ་གྲར་བརྟེན་ནས་མི་དམངས་ལ་ལེགས་སྐྱེས་འབུལ་བ། སྤྱོད་བཟང་ལ་བརྟེན་ནས་དར་སྲོལ་ལ་སྣེ་ཁྲིད་བྱེད་པ་བཅས་བྱེད་དགོས།
    གསུང་རྩོམ་ནང་བསྟན་དོན། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ལ་བླ་སྲོག་མེད་ན་མི་འགྲིག། རིག་གནས་དང་རིག་རྩལ་ལས་དོན་པ་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པ་ཚང་མའི་ཕྲག་ཐོག་ཏུ་བསམ་བློའི་བློ་སྒོ་འབྱེད་པ་དང་། བསམ་པར་བག་ཆགས་བཟང་པོ་འཇོག་པ། སེམས་ཁམས་བདུད་རྩིས་བརླན་པར་བྱེད་པ་བཅས་ཀྱི་འགན་འཁྲི་ལྕི་པོ་ཡོད་ལ། རིག་གནས་ལ་བརྟེན་ནས་མི་ལ་སློབ་གསོ་གཏོང་བ་དང་། རིག་གནས་ལ་བརྟེན་ནས་མི་སྣ་སྐྱོང་བ། རིག་གནས་ལ་བརྟེན་ནས་རྩ་བ་བརྟན་སྲུང་བཅས་ཀྱི་འགན་འཁྲི་ཡང་ཡོད། རིག་གནས་དང་རིག་རྩལ་ལས་དོན་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་ལས་དོན་ཁྲོད་དུ་གནས་བབ་ཧ་ཅང་གལ་ཆེན་བཟུང་བ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁྲོད་ནུས་པ་ཧ་ཅང་གལ་ཆེན་བཟུང་ཡོད།
    གསུང་རྩོམ་ནང་དུས་བབ་གསར་པའི་འོག་གི་རིག་གནས་དང་རིག་རྩལ་ལས་དོན་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་ཡག་པོ་བསྒྲུབ་པའི་ཐད་བླང་བྱ་ཁག་བཞི་བཏོན་གནང་བ་སྟེ། གཅིག དུས་རབས་དང་གོམ་སྟབས་གཅིག་མཚུངས་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། གཉིས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། གསུམ། བརྩམས་ཆོས་རྩེ་གྲ་བརྩམས་ནས་མི་དམངས་ལ་ལེགས་སྐྱེས་འབུལ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། བཞི། སྤྱོད་བཟང་ལ་བརྟེན་ནས་དར་སྲོལ་ལ་སྣེ་འཁྲིད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་བཅས་སོ།
     གསུང་རྩོམ་ནང་ནན་བཤད་གནང་དོན། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་རེད། ལོ་70ཡི་རིང་འབད་འབུངས་ཡར་བརྩོན་བྱས་པས་ང་ཚོའི་རྒྱལ་ཁབ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་ཡིན་ནའང་འདྲ། ཡང་ན་འཛམ་གླིང་ལོ་རྒྱུས་ཐོག་ནས་བརྗོད་ནའང་དེ་ནི་སེམས་འགུལ་ཚད་མེད་ཐེབས་པའི་འབད་འཐབ་ཀྱི་ལོ་རྒྱུས་སྙན་ངག་ཅིག་རེད། ཚང་མས་ལོ་70ཡི་རིང་གི་ཏང་དང་མི་དམངས་ཀྱི་འབད་འཐབ་ལག་ལེན་ཟབ་མོ་མཚོན་པ་དང་། ཀྲུང་གོ་གསར་པའི་ལོ་70ཡི་རིང་གི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཁྲོད་འདུས་པའི་ནང་གནས་ཀྱི་གཏན་ཚིགས་ལ་གསལ་འགྲེལ་གཏིང་ཟབ་བྱེད་པ། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལས་བྱུང་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་ཀྱི་ལེགས་ཆ་བཅས་གསལ་པོར་ཤོད་པ། ཀྲུང་གོའི་རིགས་པའི་གཞུང་ལུགས་ལ་བརྟེན་ཏེ་ཀྲུང་གོའི་ལག་ལེན་གསལ་འགྲེལ་གང་ལེགས་བྱེད་པ་བཅས་ཀྱི་ཐོག་ནས་ཏང་དང་མི་དམངས་མུ་མཐུད་མདུན་སྐྱོད་བྱ་ཆེད་བསམ་པའི་སྐུལ་ལྕག་ཆེན་པོ་མཁོ་འདོན་བྱེད་དགོས་པའི་རེ་བ་ཡོད།

  
style="display:none;"