མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་པུ་རུ་ནེའི་རྒྱལ་པོ་ཧ་སང་ནར་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་28ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་པུ་རུ་ནེའི་རྒྱལ་པོ་ཧ་སང་ནར་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་གཉིས་ནང་ང་ཚོས་གྲུབ་འབྲས་ཐོབ་པའི་སྒོ་ནས་ཕན་ཚུན་རྒྱལ་དོན་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་པས་གོམ་སྟབས་ཆེ་བའི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་པུ་རུ་ནེ་ཕྱོགས་ཀྱི“2035འདུན་པ་ཆེན་པོའི”སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་གཙོ་གནད་མཉམ་ལས་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱས་ཏེ“ཀོང་ཤིས་དང་པུ་རུ་ནེའི་དཔལ་འབྱོར་བར་འཁྱམས”དེ་ཀྲུང་གོའི་ཤར་འཕར་ཁུལ་གྱི་མཉམ་ལས་དང“སྐམ་མཚོའི་བགྲོད་ལམ་གསར་པ”འཛུགས་སྐྲུན་གྱི་དཔེ་སྟོན་གྱི་རྣམ་གྲངས་གཉིས་ལ་སྐྲུན་པ་དང་། དཔལ་འབྱོར་ཚོང་དོན་དང་། མ་འཇོག ཞིང་ལས་དང་ཉ་ལས་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་གྲངས་གཞིའི་དཔལ་འབྱོར་དང་དྲ་ཐོག་ཚོང་དོན་སོགས་གསར་དར་ཐོན་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

  
style="display:none;"