མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པས་
གྲལ་སྒོར་དབུ་ཚོགས་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 04ཚེས་29ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པས་
གྲལ་སྒོར་དབུ་ཚོགས་འཚོགས་པ།

      ཞི་ཅིན་ཕིང་གིས་དབུ་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ།
      ཚོགས་འདུའི་ཐོག་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་། མཉམ་ལས་ཀྱི་འདུ་ཤེས་ཕུན་སུམ་ཚོགས་སུ་བཏང་བ། མཉམ་ལས་ཀྱི་ཁ་ཕྱོགས་འཆར་འགོད། མཉམ་ལས་ཀྱི་གཙོ་གནད་ཁ་གསལ་བཅས་བྱས་པ། 
      མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་དང་། སྲིད་ཇུས་འབྲེལ་གཏུག་ལ་ཤུགས་སྣོན། ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཅས་གཏོང་དགོས་པའི་ནན་བཤད་བྱས་པ། 
      ཟླ་4ཚེས་27ཉིན“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པས་པེ་ཅིང་ཡན་ཆི་མཚེའུ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་གྲལ་སྒོར་དབུ་ཚོགས་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་འགོ་ཚུགས་ཤིས་ཚིག་ཀྱང་གསུངས་པ། 
     ཟླ་4ཚེས་27ཉིན“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པས་པེ་ཅིང་ཡན་ཆི་མཚེའུ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་གྲལ་སྒོར་དབུ་ཚོགས་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་འགོ་ཚུགས་ཤིས་ཚིག་ཀྱང་གསུངས་པ།
    གཅིག་ནས། ང་ཚོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་ཐོབ་པའི་འཕེལ་རིམ་དང་དོན་སྙིང་ལ་གདེང་འཇོག་ཧུར་ཐག་བྱེད་ཀྱི་ཡོད། 
     གཉིས་ནས། ང་ཚོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འདུ་ཤེས་ཕུན་སུམ་ཚོགས་སུ་བཏང་བ་དང་“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོའི་ངང་མཉམ་སྐྲུན་བྱེད་རྒྱུར་གཞོལ་དགོས་ལུགས་གཅིག་གྱུར་ཐོག་བསྐྱར་དུ་གསལ་བསྒྲགས་བྱས་ཡོད། 
     གསུམ་ནས། ང་ཚོས་འབྱུང་འགྱུར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཀྱི་གཙོ་གནད་ཁ་གསལ་བཏོན་ནས་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་གཏན་འཁེལ་བྱས་ཡོད། 
      བཞི་ནས། ང་ཚོས་གོ་ལ་ཧྲིལ་པོའི་མཉམ་སྦྲེལ་མཉམ་མཐུད་ཀྱི་རོགས་ཟླའི་འབྲེལ་བ་ཧུར་ཐག་གཏོད་པར་རྒྱབ་སྐྱོར་གཅིག་མཐུན་བྱས་ནས་མཉམ་ལས་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ཡོད། 
     ལྔ་ནས། ང་ཚོ་ཚང་མས་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། 
     ད་ཐེངས་ཀྱི་གླེང་སྟེགས་གྲ་སྒྲིག་བྱེད་རིང་དང་གཉེར་རིང་ཕྱོགས་ཁག་ལ་དངོས་སྒྲུབ་ཀྱི་གྲུབ་འབྲས་283ཙམ་ཐོབ་ཡོད། གླེང་སྟེགས་གཉེར་རིང་འཚོགས་པའི་ཁེ་ལས་མཁས་ཅན་གྱི་ཚོགས་ཆེན་ལ་བཟོ་ཚོང་ལས་རིགས་ཀྱི་མི་སྣ་མང་པོ་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་འབྲེལ་དངུལ་གྲངས་བསྡོམས་འབོར་ཨ་སྒོར་དུང་ཕྱུར་640ལྷག་ཙམ་ཟིན་པའི་རྣམ་གྲངས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད། གྲུབ་འབྲས་དེ་དག་ལས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་རྒྱུ་ནི་འཕེལ་ཕྱོགས་དང་འཚམས་པ་དང་། དམངས་སེམས་ཐོབ་པ། དམངས་འཚོར་ཕན་འདོགས་པ། འཛམ་གླིང་ཀུན་ལ་ཕན་པ་བཅས་ཡིན་པ།
      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པས་པེ་ཅིང་ཡན་ཆི་མཚེའུ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་གྲལ་སྒོར་དབུ་ཚོགས་འཚོགས་པ་རེད། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་40ལྷག་ཙམ་གྱི་འགོ་ཁྲིད་མི་སྣ་གྲལ་སྒོར་དབུ་ཚོགས་ལ་ཞུགས་ནས“‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད”པའི་བརྗོད་དོན་གཙོ་བོར་དམིགས་ཏེ་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་དེ་བཞིན་ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་དོན་ཐད་དགོངས་འཆར་སྤེལ་རེས་གཏིང་ཟབ་གནང་བ་དང་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་བ་དང་ཆབས་ཅིག་མཉམ་འབྲེལ་སྤྱི་བསྒྲགས་ལ་གྲོས་འཆམ་བྱུང་བ་རེད། 
     སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཙམ་ལ། ཞི་ཅིན་ཕིང་གིས་གྲལ་སྒོར་དབུ་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། 
     ཞི་ཅིན་ཕིང་གིས་ཤིས་ཚིག་གསུང་སྐབས། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་དང་པོ་འཚོགས་ནས་ལོ་གཉིས་སོང་ཚུན། ང་ཚོས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་ལ་གཞིགས་ནས་སྲིད་ཇུས་འབྲེལ་གཏུག་དང་། སྒྲིག་བཀོད་སྦྲེལ་མཐུད། ཚོང་དོན་ཤར་བགྲོད། མ་དངུལ་རྒྱུན་འཁོར། དམངས་སེམས་སྦྲེལ་མཐུད་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་འཛམ་གླིང་གི་དཔལ་འབྱོར་འཕར་ཆེད་སྒུལ་ཤུགས་གསར་པ་བསྣན་ཡོད་ལ། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཆེད་བར་མཐོངས་གསར་པ་བཏོད་ཡོད། ང་ཚོས་སླར་ཡང་མཐོ་རིམ་གླེང་སྟེགས་གཉེར་དོན་ནི་ཕྱོགས་ཁག་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་དེ་བས་ཡག་པ་བསྐྲུན་རྒྱུའི་རེ་བ་བྱེད་པ་དེ་ཡིན་ཞེས་མཛུབ་སྟོན་གནང་བ་རེད། 
     —— ང་ཚོས་ཕྱོགས་ཁག་དང་མཉམ་དུ་མཉམ་ལས་ཀྱི་འདུ་ཤེས་འཐུས་སྒོ་ཚང་དུ་བཏང་ནས“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་བའི་ངང་མཉམ་སྐྲུན་ནུས་ལྡན་བྱེད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་དོན་འཁྱོལ་ཏན་ཏིག་ཐུབ་པ་བྱེད་དགོས་པ་དང་། སྒོ་དབྱེ་དང་། ལྗང་མདོག སྤྱོད་གཙང་བཅས་ཀྱི་འདུ་ཤེས་ལ་གཞིགས་ནས་ཚད་གཞི་མཐོ་བ་དང་། དམངས་འཚོར་ཕན་འདོགས་པ། རྒྱུན་མཐུད་ཆོག་པ་བཅས་ཀྱི་དམིགས་ཚད་དོན་གཉེར་བྱེད་དགོས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་མཉམ་འདྲེས་ཐུབ་རྒྱུར་རྒྱབ་སྐྱོར་བྱས་ནས་དཔལ་འབྱོར་འཕར་བ་དང་། སྤྱི་ཚོགས་འཕེལ་རྒྱས། ཁོར་ཡུག་སྲུང་སྐྱོང་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། 
     —— ང་ཚོས་ཕྱོགས་ཁག་དང་མཉམ་དུ་མཉམ་ལས་ཀྱི་གཙོ་གནད་ཁ་གསལ་བཟོས་ནས་ཕྱོགས་ཡོངས་ཀྱི་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་ནུས་ལྡན་རྒྱག་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་ལ་མུ་མཐུད་དམིགས་པ་དང་། རིག་ནུས་བཟོ་སྐྲུན་དང་གྲངས་འཛིན་དཔལ་འབྱོར་སོགས་སྔོན་ཐོན་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། ཁྲོམ་ར་སྒོ་དབྱེ་རྒྱ་ཆེར་གཏོང་བ། ཚོང་དོན་དང་མ་འཇོག་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། སྣ་མང་ཅན་གྱི་མ་དངུལ་བསྡུ་སྒྲིལ་གྱི་མ་ལག་དང་རིམ་པ་མང་བའི་མ་རྩའི་ཁྲོམ་ར་སྐྲུན་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་རྒྱ་ཁྱབ་བྱེད་པ། དམངས་འཚོའི་མཉམ་ལས་ཀྱི་རྣམ་གྲངས་དེ་བས་མང་བ་ལག་བསྟར་བྱེད་པ་བཅས་བྱེད་དགོས། ཕྱོགས་ཡོངས་ཀྱི་མཉམ་སྦྲེལ་མཉམ་མཐུད་ཀྱི་བྱ་ཐབས་བཏོད་དེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་སྣེ་ཁྲིད་དང་། ཐོན་ལས་གཅིག་སྡུད། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་ཀྱི་ཕྱོགས་བསྡུས་ཕན་ནུས་ཆགས་པར་སྐུལ་འདེད་གཏོང་དགོས།
      —— ང་ཚོས་ཕྱོགས་ཁག་དང་མཉམ་དུ་མཉམ་ལས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མཉམ་སྦྲེལ་མཉམ་མཐུད་ཀྱི་རོགས་ཟླའི་འབྲེལ་བ་ནུས་ལྡན་བསྐྲུན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གྱི་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་རྒྱུ་དེ་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་། ས་ཁོངས། རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་གྲོས་རིམ་བཅས་དང་མུ་མཐུད་སྦྲེལ་མཐུད་ནུས་ལྡན་དང་མཉམ་སྒྲུབ་ཕན་འབྲས་ཆེ་རུ་གཏོང་བ། རྒྱལ་ཁབ་དང་ཁེ་ལས་དེ་བས་མང་བ་དེའི་ནང་ཞུགས་རྒྱུར་བསྔགས་སྐུལ་བྱེད་པ། ཐུན་མོང་ཁེ་ཕན་གྱི“བག་ལེབ”ཆེ་རུ་གཏོང་བ་བཅས་བྱེད་དགོས། ཕྱོགས་མང་རིང་ལུགས་ཀྱི་སྙིང་སྟོབས་ལ་གཞིགས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལམ་སྲོལ་འཛུགས་པར་སྐུལ་འདེད་ཏན་ཏིག་བཏང་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཆེད་འགན་ལེན་བརྟན་པོ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད། 
     དེ་རྗེས་གྲལ་སྒོར་དབུ་ཚོགས་ཀྱི་དུས་མཚམས་དང་པོ་དང་། དུས་མཚམས་གཉིས་པ། དུས་མཚམས་གསུམ་པ་བཅས་ཀྱི་ཚོགས་འདུ་འཚོགས་ཤིང་། ཚོགས་ཞུགས་འགོ་ཁྲིད་མི་སྣས“མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གསར་པ་སྔོག་འདོན་བྱེད་དགོས་པ”དང“སྲིད་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་དེ་བས་དམ་ཟབ་ཀྱི་རོགས་ཟླའི་འབྲེལ་བ་གཏོད་དགོས་པ” “ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་གྲོས་རིམ་དོན་འཁྱོལ་བྱེད་དགོས་པ”སོགས་ཀྱི་གྲོས་དོན་ལ་དམིགས་ནས་དགོངས་འཆར་སྤེལ་རེས་རྒྱ་ཁྱབ་དང་གཏིང་ཟབ་གནང་བ་དང་འབྲེལ་ཐུན་མོང་གི་ངོས་འཛིན་གལ་ཆེན་ཡང་བྱུང་ཡོད། ཕྱོགས་ཁག་གིས་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་ཀྱིས་དཔལ་འབྱོར་འཕར་རྒྱུར་ཐོན་པའི་སྐུལ་ཁྲིད་ཀྱི་ནུས་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྤུས་ཚད་མཐོ་བའི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མ་དངུལ། ནུས་རྒྱུ། གྲངས་འཛིན། རིག་སྟོབས་བཅས་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་རྒྱ་བསྐྲུན་ནས་འཛམ་གླིང་གི་དཔལ་འབྱོར་འཕར་ཆེད་སྒུལ་ཤུགས་གསར་པ་སྔོག་འདོན་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཕྱོགས་ཁག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལས་སྟེགས་སུ་བྱས་ཏེ་སྲིད་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་ཁྱབ་ཁོངས་ཁག་གི་མཉམ་ལས་ནང་དོན་འཁྱོལ་བྱེད་པ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་དེ་བས་དམ་ཟབ་ཀྱི་རོགས་ཟླའི་འབྲེལ་བ་གཏོད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱོགས་ཁག་གིས་ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། ཚང་མས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་བརྒྱུད་རིམ་ནང་འཕེལ་རྒྱས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཐོན་ཁུངས་གྲོན་ཆུང་རྣམ་པ་དང་ཁོར་ཡུག་མཐུན་འཕྲོད་རྣམ་པའི་མཉམ་ལས་རྣམ་གྲངས་དེ་བས་མང་བ་ལག་བསྟར་བྱེད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་གོ་ལ་ཧྲིལ་པོའི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། 
     ཚོགས་འདུར་ཞུགས་མཁན་ཕྱི་ཕྱོགས་ཀྱི་འགོ་ཁྲིད་མི་སྣ་དང་དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ནི་དེང་སྐབས་འཛམ་གླིང་ཐོག་རླབས་ཆེ་ཤོས་ཀྱི་དཔལ་འབྱོར་མཉམ་ལས་ཀྱི་གྲོས་འགོའི་གྲས་ཤིག་ཡིན་པས། རྒྱལ་ཁབ་དབར་དང་ས་ཁུལ་དབར་གྱི་མཉམ་སྦྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བར་ཕན་པ་དང་། ཚོང་དོན་དང་། མ་འཇོག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། རྒྱུན་མཐུད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཕན་པ། ལམ་རྒྱུད་ས་ཁུལ་གྱི་མི་དམངས་ཕན་ཚུན་རྒྱུས་མངའ་ལོན་བར་ཕན་པ་བཅས་ཡོད་ཅེས་བསྔགས་བརྗོད་གནང་ཡོད། ཚོགས་ཞུགས་འགོ་ཁྲིད་མི་སྣས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ལ་ལོ་ལྔ་ལྷག་ཙམ་རིང་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། དེ་བཞིན་རྒྱལ་ཁབ་ཁག་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་ཐོབ་པ། རྒྱལ་སྤྱིའི་འཕེལ་རྒྱས་དང་མཉམ་ལས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་བཅས་ལ་གདེང་འཇོག་ཡག་པོ་གནང་ཡོད། ཚོགས་ཞུགས་ཕྱོགས་ཁག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70སོང་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་རྟེན་འབྲེལ་ཞུས་ཤིང་། ཁོང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་ལག་ལེན་བསྟར་མཁན་ཡིན་པའི་སྒྱུར་བཅོས་སྒོ་དབྱེའི་བྱ་ཐབས་གལ་ཆེན་རབ་དང་རིམ་པས་དགེ་མཚན་ཆེན་པོ་ལྡན་པའི་བརྡ་རྟགས་བཏང་བ་དེས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་དང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་སྲིད་ཅེས་གསུངས། 
      ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་45ཙམ་ལ། ཚོགས་འདུ་མཇུག་འགྲིལ་བའི་དུས་སུ་སླེབས་པ་དང་། ཕྱོགས་ཁག་གིས《“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས། མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད——“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པའི་གྲལ་སྒོར་དབུ་ཚོགས་ཀྱི་མཉམ་འབྲེལ་སྤྱི་བསྒྲགས》ལ་གྲོས་འཆམ་གནང་བ་རེད། 
      ཞི་ཅིན་ཕིང་གིས་མཇུག་འགྲིལ་ཤིས་ཚིག་གསུངས་རྗེས། ཤིང་ཅོན་བརྡུངས་ནས་གྲལ་སྒོར་དབུ་ཚོགས་མཇུག་འགྲིལ་བའི་ཁྱབ་བསྒྲགས་གནང་བ་རེད། 
     དེ་རྗེས་ཞི་ཅིན་ཕིང་གིས་ཀྲུང་ཕྱིའི་གསར་འགོད་པར་མཇལ་འཕྲད་གནང་ནས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པའི་གྲལ་སྒོར་དབུ་ཚོགས་ཀྱི་གནས་ཚུལ་དང་གྲུབ་འབྲས་གཙོ་བོ་ངོ་སྤྲོད་གནང་ཞིང་། ཁོང་གིས་ཚོགས་ཞུགས་འགོ་ཁྲིད་མི་སྣ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་སྐབས་འདིའི་མཐོ་རིམ་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་དང་གྲོས་དོན་ལ་དམིགས་ནས་གྲོས་བསྡུར་གཏིང་ཟབ་གནང་བས་མཉམ་ལས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། མཉམ་ལས་ཀྱི་གཙོ་གནད་ཁ་གསལ་བྱུང་བ། མཉམ་ལས་ཀྱི་ལམ་སྲོལ་ལ་ཤུགས་སྣོན་ཐེབས་པ་བཅས་བྱུང་བ་མ་ཟད། ད་དུང“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་བའི་ངང་མཉམ་སྐྲུན་བྱེད་པའི་ཐད་ཐུན་མོང་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད། 
     དེ་ཡང་གཅིག་ནས། ང་ཚོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་ཐོབ་པའི་འཕེལ་རིམ་དང་དོན་སྙིང་ལ་གདེང་འཇོག་ཧུར་ཐག་བྱེད་ཀྱི་ཡོད། གཉིས་ནས། ང་ཚོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འདུ་ཤེས་ཕུན་སུམ་ཚོགས་སུ་བཏང་བ་དང་“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོའི་ངང་མཉམ་སྐྲུན་བྱེད་རྒྱུར་གཞོལ་དགོས་ལུགས་གཅིག་གྱུར་ཐོག་བསྐྱར་དུ་གསལ་བསྒྲགས་བྱས་ཡོད། གསུམ་ནས། ང་ཚོས་འབྱུང་འགྱུར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ཀྱི་གཙོ་གནད་ཁ་གསལ་བཏོན་ནས་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་གཏན་འཁེལ་བྱས་ཡོད། བཞི་ནས། ང་ཚོས་གོ་ལ་ཧྲིལ་པོའི་མཉམ་སྦྲེལ་མཉམ་མཐུད་ཀྱི་རོགས་ཟླའི་འབྲེལ་བ་ཧུར་ཐག་གཏོད་པར་རྒྱབ་སྐྱོར་གཅིག་མཐུན་བྱས་ནས་མཉམ་ལས་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ཡོད། ལྔ་ནས། ང་ཚོ་ཚང་མས་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ད་ཐེངས་ཀྱི་གླེང་སྟེགས་གྲ་སྒྲིག་བྱེད་རིང་དང་གཉེར་རིང་ཕྱོགས་ཁག་ལ་དངོས་སྒྲུབ་ཀྱི་གྲུབ་འབྲས་283ཙམ་ཐོབ་ཡོད། གླེང་སྟེགས་གཉེར་རིང་འཚོགས་པའི་ཁེ་ལས་མཁས་ཅན་གྱི་ཚོགས་ཆེན་ལ་བཟོ་ཚོང་ལས་རིགས་ཀྱི་མི་སྣ་མང་པོ་ཞུགས་པའི་ཡིད་དབང་བཀུག་པ་དང་འབྲེལ་དངུལ་གྲངས་བསྡོམས་འབོར་ཨ་སྒོར་དུང་ཕྱུར་640ལྷག་ཙམ་ཟིན་པའི་རྣམ་གྲངས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད། གྲུབ་འབྲས་དེ་དག་ལས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནི་འཕེལ་ཕྱོགས་དང་འཚམ་པ་དང་། དམངས་སེམས་ཐོབ་པ། དམངས་འཚོར་ཕན་འདོགས་པ། འཛམ་གླིང་ཀུན་ལ་ཕན་པ་བཅས་ཡིན་པ་གསལ་བཤད་གང་ལེགས་ཐུབ་ཡོད་ཅེས་གསུངས།

༄༅།།“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པས་
གྲལ་སྒོར་དབུ་ཚོགས་འཚོགས་པ།

  
style="display:none;"