མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧོ་པེའི་ཁྲེང་ཏེར་རྟོག་ཞིབ་གནང་སྐབས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སའེ་ཧན་པཱ་ཡི་སྙིང་སྟོབས་དར་སྤེལ་བཏང་སྟེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་ལེགས་སྒྲུབ་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་27ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

༄༅།།ཞི་ཅིན་ཕིང་གིས་ཧོ་པེའི་ཁྲེང་ཏེར་རྟོག་ཞིབ་གནང་སྐབས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སའེ་ཧན་པཱ་ཡི་སྙིང་སྟོབས་དར་སྤེལ་བཏང་སྟེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་ལེགས་སྒྲུབ་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ།

     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་23དང་24ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་23ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་སའེ་ཧན་པཱ་འཕྲུལ་ཆས་ཅན་གྱི་ནགས་རའི་གཡོད་ལེང་ཧྲན་རི་བོར་རྟོག་ཞིབ་གནང་སྐབས་ནགས་སྲུང་བ་ལིའུ་ཅུན་དང་ཝང་ཅོན་བཟའ་ཚོར་བྱམས་བརྩེའི་ངང་གཟིགས་བཞིན་པ།
     ཟླ་8ཚེས་23དང་24ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་24ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཁྲེང་ཏེ་གྲོང་ཁྱེར་གྱི་མཐོ་གསར་ཁུལ་གྱི་པིང་ཧོ་སྡེ་ཁུལ་དུ་རྟོག་ཞིབ་གནང་སྐབས་སྡེ་ཁུལ་གྱི་གྲོང་མི་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།
     ■ ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། སའེ་ཧན་པཱ་ཡི་སྙིང་སྟོབས་དར་སྤེལ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པའི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག འཕེལ་རྒྱས་དང་བདེ་འཇགས་ལ་སྔར་བས་སྤྱི་འདོམས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་གཏོང་བཅས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་ལེགས་སྒྲུབ་ཧུར་ཐག་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་དགོས།
     ■ ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག རང་ཚུགས་རང་བདག་དང་རང་སྒྲུབ་ཀྱི་རྩ་དོན་མཐའ་འཁྱོངས། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ། ཆོས་ལུགས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ། ཁྲིམས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བཅས་བྱས་ཏེ་ཆོས་ལུགས་དེ་བས་ལེགས་པའི་སྒོ་ནས་སྤྱི་ཚོགས་དང་འཚམ་མཐུན་དང་། ཆོས་ལུགས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་རྒྱུར་སྐུལ་འདེད་གཏོང་དགོས།
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏེ་ནས་ཟླ་8ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་གྱི་ཁྲེང་ཏེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། སའེ་ཧན་པཱ་ཡི་སྙིང་སྟོབས་དར་སྤེལ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པའི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག འཕེལ་རྒྱས་དང་བདེ་འཇགས་ལ་སྔར་བས་སྤྱི་འདོམས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་གཏོང་བཅས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་ལེགས་སྒྲུབ་ཧུར་ཐག་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་དགོས་པའི་ནན་བཤད་གནང་བ་རེད།
      ཟླ་8ཚེས་23དང་24ཉིན། ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཏུང་ཧྥུང་དང་ཧྲེང་ཀྲང་ཞུས་ཆིན་གྱི་ཕེབས་རོགས་འོག་ཞི་ཅིན་ཕིང་གཞུང་ཁོངས་ནགས་ར་དང་། རིག་དངོས་སྲུང་སྐྱོབ་ཚན་པ། གྲོང་གསེབ། སྡེ་ཁུལ་སོགས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད།
     ཚེས་23ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་དང་ཐོག་ཧོ་པེ་ཞིང་ཆེན་གྱི་ཆེས་བྱང་རྒྱུད་ཀྱི་སའེ་ཧན་པཱ་འཕྲུལ་ཆས་ཅན་གྱི་ནགས་རར་རྟོག་ཞིབ་གནང་ཞིང་། ཟླ་བརྒྱད་པའི་སའེ་ཧན་པཱ་ནགས་ཚལ་སྟུག་ཅིང་སྔོ་ཐིང་ངེར་གནས་ཡོད། ནགས་ར་དེ་ནི་1962ལོར་བཙུགས་པ་ཞིག་རེད། ཉེ་བའི་ལོ་ངོ་60ཡི་རིང་སའེ་ཧན་པཱ་ནགས་རའི་འཛུགས་སྐྲུན་པ་ཚོས་ཏང་གི་འབོད་སྐུལ་དང་ལེན་ཞུས་ཏེ། གནམ་ས་རྡུལ་གྱིས་ཁེངས་པ་དང་འདབ་ཆགས་འཚོ་ཐབས་བྲལ་བའི་ཐང་རྒོད་དང་བྱེ་ཐང་ཐོག་དཀའ་སྤྱད་འབད་འཐབ་དང་ལེགས་སྐྱེས་ཧུར་ཐག་ཕུལ་ནས་ཐང་རྒོད་ནགས་ཚལ་དུ་སྒྱུར་བའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། ཞི་ཅིན་ཕིང་གིས་ས་བབ་མཐོ་ཚད་སྨི་1900ཟིན་པའི་གཡོད་ལེང་ཧྲན་རི་བོར་ཕེབས་ནས་ནགས་རའི་རང་བྱུང་མཛེས་ལྗོངས་ལ་རྒྱང་གཟིགས་གནང་བ་དང་། ཧོ་པེ་ཞིང་ཆེན་གྱིས་རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་ཚུལ་དང་སའེ་ཧན་པཱ་འཕྲུལ་ཆས་ཅན་གྱི་ནགས་རའི་གནས་ཚུལ་ངོ་སྤྲོད་གསན་པ་མ་ཟད། ནགས་རས་མི་རྒྱུ་རྩལ་གསུམ་ལ་བརྟེན་ནས་འགོག་རྒྱུ་ཟུང་འབྲེལ་གྱི་གཞི་གཅིག་ཅན་གྱི་ཐོན་ཁུངས་བདག་སྐྱོང་མ་ལག་བཏོད་པ་དང་ནགས་ཚལ་ཐོན་ཁུངས་ཀྱི་བདེ་འཇགས་སྲུང་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཞི་ཅིན་ཕིང་གིས་རང་རྒྱལ་གྱི་མིས་བཟོས་ནགས་ཚལ་གྱི་རྒྱ་ཁྱོན་འཛམ་གླིང་གི་ཨང་དང་པོར་སླེབས་པ་ནི་ཧ་ཅང་རླབས་ཆེ་བའི་གྲུབ་འབྲས་ཤིག་ཡིན་ཞེས་ནན་བཤད་གནང་བ་རེད། སའེ་ཧན་པཱ་རུ་མིས་བཟོས་ནགས་ཚལ་མུའུ་ཁྲི་བརྒྱ་ལ་ཉེ་བ་གྲུབ་འབྲས་ཐོབ་པའི་ངང་བཙུགས་ནས་འཛམ་གླིང་གི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལོ་རྒྱུས་ཐོག་གི་དཔེ་མཚོན་བཏོད་པ་དང་། ནགས་ར་འཛུགས་སྐྲུན་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་མཚན་སྙན་མཐོ་ཤོས་ཏེ་སའི་གོ་ལའི་སྲུང་དམག་གི་བྱ་དགའ་ཐོབ་པ། འཕྲུལ་ཆས་ཅན་གྱི་ནགས་རར་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་མིག་དཔེའི་མཚན་སྙན་ཐོབ་ཡོད། ཁྱེད་ཚོས་གཟི་བརྗིད་མཚན་སྙན་ལ་བརྩི་མཐོང་དང་མུ་མཐུད་འབད་འཐབ་བྱས་ཏེ་གཞུང་ཁོངས་ནགས་ར་སྒྱུར་བཅོས་ཟབ་གཏོང་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་གཏོང་། ཐཱན་འདུས་ནུས་པ་ཆེར་གཏོང་སོགས་ཐད་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱས་ཏེ་པེ་ཅིང་དང་ཐེན་ཅིན་གྱི་སྐྱེ་ཁམས་སྲུང་ཡོལ་ཏན་ཏིག་གཏོད་རྒྱུའི་རེ་བ་ཡོད། གཡོད་ལེང་ཧྲན་རི་བོའི་སྟེང་གི་མེ་ཟོན་སོ་ལྟ་ཁང་དང་ཐོན་ཁུངས་བདག་སྐྱོང་གཞི་གཅིག་ཏུ་འདུས་པའི་རྒྱང་གཟིགས་ཐོག་ཁང་བསྐྲུན་ཡོད། ཞི་ཅིན་ཕིང་གིས་རྒྱང་གཟིགས་ཐོག་ཁང་དུ་བཅའ་སྲུང་ལོ་13བྱས་པའི་ནགས་སྲུང་བ་ལིའུ་ཅུན་དང་ཝང་ཅོན་བཟའ་ཚོར་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ། རྒྱང་གཟིགས་ཐོག་ཁང་དུ་ཕེབས་ནས་ཁོང་ཚོའི་རྒྱུན་གཏན་གྱི་ལས་ཀ་དང་བཟའ་བཏུང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཁོང་ཚོས་སྐད་གྲགས་མེད་པར་ལས་གནས་བརྟན་སྲུང་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་སའེ་ཧན་པཱ་ཡི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱས་པར་བསྔགས་བརྗོད་གནང་བ་རེད།
     ཚེས་24ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཁྲེང་ཏེ་ཚ་གཡོལ་རི་གྲོང་དུ་རྟོག་ཞིབ་གནང་ཞིང་། 1703ལོར་བསྐྲུན་པའི་ཁྲེང་ཏེ་ཚ་གཡོལ་རི་གྲོང་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་དང་པོ་ཡིན་པ་དང་འཛམ་གླིང་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད། ཞི་ཅིན་ཕིང་གིས་རི་གྲོང་གི་སྐྲུན་དངོས་གཙོ་བོ་དང་ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་ལ་གཟིགས་ཞིབ་གནང་ནས་རི་གྲོང་གི་ལོ་རྒྱུས་དང་རིག་དངོས་སྲུང་སྐྱོབ་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཞི་ཅིན་ཕིང་གིས་རང་རྒྱལ་ནི་འཛམ་གླིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན། ལོ་རྒྱུས་ཀྱི་ནང་དོན་གཏིང་ཟབ་པའི་ཁྲེང་ཏེ་ཚ་གཡོལ་རི་གྲོང་ནི་མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་མཉམ་འདྲེས་དང་། ཆོས་ལུགས་དང་སྤྱི་ཚོགས་འཚམ་མཐུན། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་སོགས་ཀྱི་ངོས་ནས་བརྗོད་ན་ལོ་རྒྱུས་ཀྱི་རིན་ཐང་དང་དུས་རབས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱས་ཁར། དེའི་ཕུན་སུམ་ཚོགས་པའི་ནང་དོན་སྔོག་འདོན་བྱས་ཏེ་རིག་གནས་ཀྱི་གདེང་ཚོད་དེ་བས་བརྟན་དུ་གཏོང་བ་དང་མི་རིགས་ཀྱི་སྙིང་སྟོབས་དེ་བས་ལེགས་པའི་སྒོ་ནས་གཅིག་ཏུ་བསྒྲིལ་རྒྱུར་ཕན་ཐོགས་པར་བྱེད་དགོས་ཞེས་གསུངས་པ་རེད། ཡུལ་སྐོར་བས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བ་རེད།
     ཚ་གཡོལ་རི་གྲོང་ནས་ཞལ་གྱེས་རྗེས་ཞི་ཅིན་ཕིང་ཀུན་ཏུ་བདེ་བའི་གླིང་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། 1755ལོར་ཕྱག་བཏབ་པའི་ཀུན་ཏུ་བདེ་བའི་གླིང་ནི་རྒྱ་བོད་ལུགས་གཉིས་ཟུང་དུ་འབྲེལ་བའི་དཔེ་མཚོན་དགོན་སྡེ་ཞིག་རེད། ཞི་ཅིན་ཕིང་གིས་འབྲེལ་ཡོད་ལོ་རྒྱུས་རྡོ་རིང་དང་། རྒྱལ་ཆེན་ལྷ་ཁང་། ཚོགས་ཆེན་འདུ་ཁང་སོགས་སྐྲུན་དངོས་ལ་གཟིགས་པ་དང་འབྲེལ་ཆོས་ལུགས་ལས་དོན་སོགས་སྐོར་གྱི་གནས་ཚུལ་སྙན་སེང་ཡང་གསན་པ་རེད། ཞི་ཅིན་ཕིང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག རང་ཚུགས་རང་བདག་དང་རང་སྒྲུབ་ཀྱི་རྩ་དོན་མཐའ་འཁྱོངས། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ། ཆོས་ལུགས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ། ཁྲིམས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བཅས་བྱས་ཏེ་ཆོས་ལུགས་དེ་བས་ལེགས་པའི་སྒོ་ནས་སྤྱི་ཚོགས་དང་འཚམ་མཐུན་དང་། ཆོས་ལུགས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
     དེ་རྗེས། ཞི་ཅིན་ཕིང་ཁྲེང་ཏེ་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས《ལྕགས་རི་རིང་པོའི་ཕྱི་ནང་ལ་རྒྱང་ནས་ལྟ། ཆིང་རྒྱལ་རབས་བསྐལ་བཟང་རྫོགས་ལྡན་དུས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དངོས་བྱུང་གཏམ་རྒྱུད》ཀྱི་འགྲེམས་སྟོན་ལ་གཟིགས་པ་རེད། ཞི་ཅིན་ཕིང་འགྲེམས་ཁང་དུ་ཕེབས་སྐབས་ཕེབས་མཚམས་ཡང་ཡང་བཞག་སྟེ་ཆིང་རྒྱལ་རབས་དུས་ཀྱི་མི་རིགས་འབྲེལ་བའི་འཕེལ་རྒྱས་དང་ཐབས་མང་མཉམ་སྤྱོད་ཀྱིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། མཐའ་མཚམས་བརྟན་ལྷིང་། རྒྱལ་ཁབ་གཅིག་གྱུར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཞི་ཅིན་ཕིང་གིས་རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་སྣ་མང་གཞི་གཅིག་གི་ཀྲུང་ཧྭ་མི་རིགས་གྲུབ་ཡོད།
     ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད། ང་ཚོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ནས་ཀྲུང་ཧྭའི་ས་གཞི་ཆེ་མོའི་ཐོག་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ཚུད་པའི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཡོད། ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་མ་གཏོགས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་མངོན་འགྱུར་བྱེད་མི་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་མི་རིགས་ཁག་གཅིག་སྒྲིལ་དང་། མི་རིགས་ཁག་འཕེལ་རྒྱས། མི་རིགས་ཁག་དར་རྒྱས་བཅས་གཏོང་མི་ཐུབ་པ་ལག་ལེན་ལས་ར་འཕྲོད་གང་ལེགས་ཐུབ་ཡོད། དེས་ན་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཟམ་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ལ་དམིགས་ནས་ལོ་རྒྱུས་ཞིབ་འཇུག་དང་ལོ་རྒྱུས་སྦྱོང་བའི་ལས་དོན་ཡག་པོ་སྒྲུབ་པ་དང་། ལོ་རྒྱུས་ཞིབ་འཇུག་གི་ཐོན་ཁུངས་བསྡུ་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། ཞིབ་འཇུག་གི་ཆུ་ཚད་དང་གསར་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལོ་རྒྱུས་ཀྱི་ཉམས་མྱོང་སྔར་བས་ཕྱོགས་སྡོམ་ཡག་པོ་དང་། ལོ་རྒྱུས་ཀྱི་ཆོས་ཉིད་གསལ་སྟོན། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
     དེ་ཉིན་ཕྱི་དྲོ། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་ལོན་ཧོ་ཆུ་བོའི་བྱང་ངོགས་ཀྱི་ཧྲོང་ལོན་ཆུས་ཕན་ཆའོ་ཙི་གྲོང་རྡལ་ཏ་ཀུའེ་ཁོའུ་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་པ་རེད། ཞི་ཅིན་ཕིང་གིས་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཚུལ་ལ་ཐུགས་ཁུར་ཟབ་མོ་གནང་ཞིང་། གྲོང་ཚོའི་ལུང་ཤུར་གྱི་ཚོང་འདུས་དང་འཕྲོད་བསྟེན་ཁང་དུ་ཕེབས་ནས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁྲོམ་རའི་ཚོང་ལམ་དང་སྤུས་རྟགས་གཏོད་ཚུལ་དང་། གྲོང་མིའི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ལེགས་སུ་གཏོང་ཚུལ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་ཚུལ་སོགས་མཁྱེན་རྟོགས་གནང་བ་རེད། ཁོང་གིས་ཐོན་ལས་དར་རྒྱས་གཏོང་བ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན་པས་གནད་སྨིན་ཤུགས་འདོན་མཐའ་འཁྱོངས་ཀྱིས་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་པ་དང་། ཁྲོམ་རའི་དགོས་མཁོར་དོ་ཁུར་བྱེད་པ། ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གྲོང་གསེབ་ཀྱི་ཞིང་པར་ཕན་པ་དེ་བས་མང་བ་དང་དེ་བས་ལེགས་པ་ཐོབ་པར་བྱེད་དགོས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཞན་ཆ་གང་མགྱོགས་སེལ་བ། གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ། བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བ། ཡ་རབས་སྐྱོན་བྲལ་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གྲོང་མི་ཧོ་ཅིན་གྱི་ཁྱིམ་དུ་གཟིགས་པར་ཕེབས་ཤིང་། ནང་མི་ཚང་མས་ལོ་དེ་དག་ནང་འཚོ་བར་སེམས་ཁྲལ་མེད་པ་དང་བུ་རབས་ཚ་རྒྱུད་ཁྲ་རོག་རོག་ངང་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད། ཞི་ཅིན་ཕིང་གིས། མི་རིགས་བསྐྱར་དར་དང་གྲོང་གསེབ་ངེས་པར་དུ་དར་རྒྱས་ཡོང་བར་བྱེད་དགོས། འབྱུང་འགྱུར་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་ཧ་ཅང་མཐོ་པོ་ཞིག་ཏུ་སླེབས་ནའང་ད་དུང་མི་དུང་ཕྱུར་ཁ་ཤས་གྲོང་གསེབ་ཏུ་ལས་ཞུགས་དང་འཚོ་བ་སྐྱེལ་དགོས་པས། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར། དར་རྒྱས་ཆེ་བའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས་ལ། དར་རྒྱས་ཆེ་བའི་གྲོང་གསེབ་ཀྱང་འཛུགས་སྐྲུན་བྱས་ཏེ། བཟོ་ལས་དང་ཞིང་ལས་ཕན་ཚུན་སྐུལ་འདེད་དང་། གྲོང་ཁྱེར་དང་གྲོང་གསེབ་གསབ་རེས། མཐུན་སྦྱོར་འཕེལ་རྒྱས། ཐུན་མོང་དར་རྒྱས་བཅས་ཀྱི་བཟོ་ཞིང་དང་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་འབྲེལ་བ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁོ་ནས་མ་གཏོགས་མངོན་འགྱུར་བྱེད་མི་ཐུབ་པ་ཞིག་རེད། ང་ཚོས་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་སྤེལ་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་གཏིང་ཟབ་བྱེད་པ་དང་། ཡུལ་བབ་དང་བསྟུན་པ་དང་དངོས་ཐོག་བདེན་འཚོལ་བྱེད་པ། ལས་དོན་རེ་རེ་བཞིན་སྒྲུབ་པ། ལོ་རེ་རེ་བཞིན་སྒྲུབ་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་དེ་བས་མཛེས་སྡུག་ལྡན་ལ་སྡོད་མལ་ལ་འཚམས་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     གྲོང་ཚོ་ནས་ཞལ་གྱེས་སྐབས་གྲོང་མི་ཚོས“སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང”ཞེས་དགའ་འབོད་བྱས། ཞི་ཅིན་ཕིང་གིས་ཡུལ་མི་སྤུན་ཟླ་ཚོར་འཚོ་བ་སྔར་བས་གྲ་རྒྱས་ཕུན་སུམ་ཚོགས་པ་དང་སྔར་བས་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་པ་རེད།

༄༅།།ཞི་ཅིན་ཕིང་གིས་ཧོ་པེའི་ཁྲེང་ཏེར་རྟོག་ཞིབ་གནང་སྐབས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སའེ་ཧན་པཱ་ཡི་སྙིང་སྟོབས་དར་སྤེལ་བཏང་སྟེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་ལེགས་སྒྲུབ་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ།

  
style="display:none;"