མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཀྱི་འགོ་ཚུགས་
མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་05ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

འདི་ནི་ཟླ་9ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཤིས་ཚིག་བསྒྲོན་བཞིན་པ།

འདི་ནི་ཟླ་9ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཤིས་ཚིག་བསྒྲོན་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་3ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་བརྙན་ལམ་ནས་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད།
     ཞི་ཅིན་ཕིང་གིས་དེ་རིང་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་76འཁོར་བའི་དྲན་གསོའི་ཉིན་མོ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང་། ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་སྲུང་སྐྱོང་། ལོ་རྒྱུས་དཔྱད་གཞིའི་མེ་ལོང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འབྱུང་འགྱུར་གསར་གཏོད་བཅས་བྱེད་དགོས། འདི་ལོའི་ཟླ་6པར་ང་དང་ཙུང་ཐུང་ཕུའུ་ཅིང་གཉིས་གྲུབ་འབྲས་ཐོབ་པའི་ངང་བརྙན་ལམ་ནས་ཐུག་འཕྲད་བྱས་ཏེ《ཀྲུང་ཨུའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》དུས་འགྱངས་བྱ་རྒྱུ་ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་ཨུའི་འཐབ་ཇུས་རོགས་ལས་དང་ཕྱོགས་ཡོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་གནད་དོན་གལ་ཆེན་ཐད་ཐུན་མོང་གི་ངོས་འཛིན་གསར་པ་བྱུང་བས། དུས་རབས་གསར་པའི་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བར་སྒུལ་ཤུགས་ཆེན་པོ་ཡོད་ལ་མདུན་ལམ་ཡང་ཆེན་པོ་ཡོད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་མིག་སྔར་འཛམ་གླིང་གི་རྣམ་པར་འགྱུར་ལྡོག་གཏིང་ཟབ་འགྲོ་བ་དང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་བརྟན་པོ་མེད་པ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱུང་དཀའ་པོ་ཡོད། དེར་བརྟེན། ཨེ་ཤེ་ཡ་བྱང་ཤར་གྱི་ས་ཁོངས་མཉམ་ལས་ལ་འགྲན་སློང་དྲག་པོ་འཕྲད་ཡོད་ལ་གོ་སྐབས་གལ་ཆེན་ཡང་འཕྲད་ཡོད། དེས་ན་ཕྱོགས་ཁག་གིས་ས་ཁུལ་ལ་གཞི་ཚུགས་པ་དང་འཛམ་གླིང་ལ་རྒྱང་ལྟ་བྱས་ཏེ། དུས་ངལ་མཉམ་སེལ་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་ཐབས་བྱེད་དགོས་ཞེས་ནན་བཤད་གནང་བ་སྟེ།
     ང་ཚོས་རིམས་ནད་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐད་ཕན་ཚུན་རོགས་རམ་བྱེད་དགོས་ཤིང་། རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་སྤྱི་པའི་ཐོན་རྫས་དེ་བས་མང་པོ་མཁོ་འདོན་བྱེད་པ་དང་ཆབས་ཅིག རིམས་འགོག་སྨན་ཁབ་དང་ནད་དུག་ཁུངས་འདེད་ཀྱི་གནད་དོན་ཆབ་སྲིད་ཅན་དུ་སྒྱུར་བར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་རྒྱུར་གཞོལ་དགོས།
     ང་ཚོས་གཉིས་ཁེ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་ཤུགས་སྣོན་རྒྱག་དགོས་ཤིང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དེ་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང་སྦྲེལ་མཐུད་མཉམ་ལས་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་བཅས་བྱས་ནས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
     ང་ཚོས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས་ཤིང་། སྐད་ཆ་ཤོད་རེས་བྱེད་པ་བརྒྱུད་མི་མཐུན་པའི་ཆ་སེལ་བ་དང་། ངོས་འཛིན་གཅིག་མཐུན་ཡོང་བ་བྱེད་པ། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་འཛུགས་པ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་ཞི་མཐུན་བརྟན་ལྷིང་གི་ཐུན་མོང་ཁྱིམ་གཞིས་སྐྲུན་དགོས།
ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་རེད། ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་འབད་བརྩོན་བྱས་ཏེ། དོན་དམ་པའི་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་པ་དང་། ཁ་དན་ཚིག་གནས་ཀྱིས་འཆམ་མཐུན་ཡོང་ཐབས་བྱེད་པ། མཉམ་ལས་གཉིས་ཁེ་ཡོང་བ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་དམིགས་ཚད་ཕྱོགས་སུ་བརྟན་པོའི་ངང་སྐྱོད་འདོད་ཡོད་ཅེས་བསྟན་གནང་བ་རེད།
     ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་སྐབས་དྲུག་པ་དེ་ཟླ་9ཚེས་2ནས་4ཉིན་བར་ཨུ་རུ་སུའི་ཧྥུའུ་ལ་ཏི་ཨའོ་སི་ཐོ་ཁེར་གཉེར་བ་དང་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“འཛམ་གླིང་ལ་འགྱུར་ལྡོག་འགྲོ་བའི་རྒྱབ་ལྗོངས་འོག་གི་རྒྱང་ཤར་གྱི་གོ་སྐབས་གསར་པ”ཞེས་པ་དེ་རེད།

  
style="display:none;"