མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གི《སྲིད་ཏང་དབར་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད། 
—— ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐོག་གི་བཞེད་དོན་གཙོ་བོའི་
གསུང་བཤད》རྒྱ་དབྱིན་ཤན་སྦྱར་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 11ཚེས་07ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི《སྲིད་ཏང་དབར་གྱི་མཉམ་ལས་ལ་ཤུཌ་སྣོན་བརྒྱབ་ནས་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད། — ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐོག་གི་བཞེད་དོན་གཙོ་བོའི་གསུང་བཤད》ཀྱི་རྒྱ་དབྱིན་ཤན་སྦྱར་ཉེ་ཆར་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གིས་རྒྱལ་ཁབ་ཕྱི་ནང་དུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
   ཞི་ཅིན་ཕིང་གི《སྲིད་ཏང་དབར་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད། — ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་འགོ་ཁྲིད་མི་སྣའི་དབུ་ཚོགས་ཐོག་གི་བཞེད་དོན་གཙོ་བོའི་གསུང་བཤད》ནང་། སྲིད་ཏང་ནི་མིའི་རིགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཡང་དག་པའི་མདུན་སྐྱོད་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་ཏེ་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་མིའི་རིགས་ལ་ཡར་རྒྱས་བརྩོན་ལེན་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཁག་གི་སྲིད་ཏང་དང་མཉམ་དུ་འབད་བརྩོན་བྱས་ནས་དུས་ནམ་ཡང་འཛམ་གླིང་གི་ཞི་བདེ་སྐྲུན་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་ཡོད་པ་རེད།

  
style="display:none;"