མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་དེ་བཅིངས་འགྲོལ་དམག་གི་
རྩིས་བཤེར་ཧྲུའུ་ཀྲུང་དབྱང་དམག་ཨུའི་སྒྲིག་ཁོངས་སུ་གཏོགས་པར་བྱས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་07ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་དེ་བཅིངས་འགྲོལ་དམག་གི་རྩིས་བཤེར་ཧྲུའུ་དེ་སྤྱི་ཁྱབ་མཁོ་འདོན་པུའུ་ནས་ཀྲུང་དབྱང་དམག་ཨུའི་སྒྲིག་ཁོངས་སུ་གཏོགས་པར་བྱས་ཤིང་། ཀྲུང་དབྱང་དམག་ཨུའི་འགོ་ཁྲིད་འོག་དམག་ཡོངས་ཀྱི་རྩིས་བཤེར་ལས་དོན་གཙོ་གཉེར་བྱ་རྒྱུ་དང་། ཀྲུང་དབྱང་དམག་ཨུར་འགན་འཁུར་རྒྱུ་དང་ལས་དོན་བསྒྲུབས་ཚུལ་སྙན་སེང་ཞུ་རྒྱུ། དེའི་ཏང་གི་འཛུགས་སྐྱོང་དང་། ཆབ་སྲིད་ལས་དོན། སྲིད་འཛིན་དོ་དམ་ལ་དམག་ཨུའི་གཞུང་ལས་ཁང་གི་འགོ་ཁྲིད་བྱ་རྒྱུ་རེད། བཅིངས་འགྲོལ་དམག་གི་རྩིས་བཤེར་ཧྲུའུ་ཡི་སྒྲིག་གཞི་དང་འགོ་ཁྲིད་འབྲེལ་བ་ལེགས་སྒྲིག་བྱས་པའི་བཀའ་རྒྱ་ཡོངས་བསྒྲགས་ཚོགས་ཆེན་ཟླ་༡༡ཚེས་༦ཉིན་པེ་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཧྥན་ཁྲང་ཅང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལིའང་གིས་བཀའ་རྒྱ་སྒྲོག་སྦྱང་གནང་བ་རེད།