མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་ཁུ་པ་རྒྱལ་ཁབ་ཀྱི་གསར་བརྗེའི་དྲག་ཆས་སྟོབས་ཤུགས་པུའི་པུའུ་ཀྲང་
ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་12ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཡུས་ཀྲེང་ཧྲེང་གིས་ཁུ་པ་རྒྱལ་ཁབ་ཀྱི་གསར་བརྗེའི་དྲག་ཆས་སྟོབས་ཤུགས་པུའི་པུའུ་ཀྲང་
ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༡༡ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་པེ་ཅིང་དུ་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་གསར་བརྗེའི་དྲག་ཆས་སྟོབས་ཤུགས་པུའི་པུའུ་ཀྲང་ཞིན་ཐེ་ལ་ལ་མཇལ་འཕྲད་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་འདི་ལོའི་ཟླ་༧པར་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཁུ་པ་རྒྱལ་ཁབ་ལ་འཚམས་འདྲི་ལེགས་འགྲུབ་ངང་གནང་བ་དང་། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བློ་མཐུན་ཧྥེ་ཏེར་དང་ཀྲུའུ་ཞི་ལའོ་ཨེར་གཉིས་ལ་མཛའ་བརྩེ་ལྡན་པའི་ངང་མཇལ་འཕྲད་གནང་ཞིང་། ཀྲུང་ཁུ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དང་། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་། ཐུན་མོང་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སྐོར་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་སྟེ་ཀྲུང་ཁུ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་འཕེལ་རྒྱས་གཏོང་རྒྱུར་ཁ་ཕྱོགས་གསལ་པོ་བསྟན་པ་རེད། ཀྲུང་ཁུ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་བར་འགྲོ་འོང་བྱེད་པ་དེ་ནི་རྒྱལ་ཁབ་གཉིས་དང་ཏང་གཉིས་བར་འགྲོ་འོང་བྱེད་པའི་གྲུབ་ཆ་གལ་ཆེན་ཡིན། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་བར་མཐོ་རིམ་བར་གྱི་འགྲོ་འོང་དང་། མི་སྣ་གསོ་སྐྱོང་སྦྱོང་བརྡར་བྱེད་པ་སོགས་ཀྱི་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པས། ཀྲུང་གོའི་ཕྱོགས་ཀྱིས་དེར་གདེང་འཇོག་ལེགས་པོ་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།