མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དམག་ཡོངས་ཀྱི་གོ་མཚོན་སྒྲིག་ཆས་ལས་དོན་གྲོས་ཚོགས་ལ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་05ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་དམག་ཡོངས་ཀྱི་གོ་མཚོན་སྒྲིག་ཆས་ལས་དོན་གྲོས་ཚོགས་ལ་ཞུགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༣ཉིན་དམག་ཡོངས་ཀྱི་གོ་མཚོན་སྒྲིག་ཆས་ལས་དོན་གྲོས་ཚོགས་པེ་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་འམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་སྟེ་རྒྱལ་ཁབ་སྤྱི་ཡོངས་བདེ་འཇགས་ཡོང་བའི་ལྟ་བ་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་གི་གནས་བབ་གསར་པའི་འོག་དམག་དཔུང་སྟོབས་ཆེན་དུ་འགྱུར་བར་བྱ་རྒྱུའི་དམིཊ་ཡུལ་དམ་པོར་བཟུང་སྟེ་ཆ་འཕྲིན་གྱིས་གཙོ་ཁྲིད་་དང་མ་ལག་འཛུགས་སྐྲུན་བྱ་རྒྱུ་མཐའ་འཁྱོངས་དང་། རང་བརྟེན་གསར་གཏོད་དང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུ་དང་གཙོ་གནད་འབུར་འདོན་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ལས་འགན་ལེགས་འགྲུབ་བྱ་རྒྱུའི་དགོས་འདུན་དང་མཐུན་པའི་གོ་མཚོན་སྒྲིག་ཆས་མ་ལག་འཛུགས་སྐྱོང་གང་མགྱོགས་བྱས་ཐོག་དམག་དཔུང་སྟོབས་ཆེན་དུ་འགྱུར་བར་བྱ་རྒྱུའི་ཕུགས་འདུན་མངོན་འགྱུར་བྱེད་ཕྱིར་དངོས་པོ་དང་ལག་རྩལ་ཐོག་གི་འདེགས་སྐྱོར་སྟོབས་ཆེན་འདོན་སྤྲོད་བྱ་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་གོ་མཚོན་སྒྲིག་ཆས་ནི་དམག་དཔུང་དེང་རབས་ཅན་དུ་གྱུར་པའི་མཚོན་རྟགས་གལ་ཆེན་ཡིན་པ་དང་། རྒྱལ་ཁབ་བདེ་འཇགས་ཡོང་བ་དང་མི་རིགས་བསྐྱར་དར་ཡོང་བར་བྱ་རྒྱུའི་འདེགས་སྐྱོར་གལ་ཆེན་ཡིན། སྔོན་ཐོན་གྱི་གོ་མཚོན་སྒྲིག་ཆས་ཁོང་དུ་ཆུད་པའི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་བྱ་རྒྱུ་ནི་ང་ཚོའི་ཏང་གིས་ཧུར་ཐག་འབད་ཐག་གིས་བརྩོན་ལེན་བྱེད་པའི་དམིགས་ཡུལ་ཡིན། དམག་འཁྲུག་ལས་རྣམ་པར་རྒྱལ་བར་བྱེད་པའི་གནད་དོན་ཐད་མི་ནི་རག་ལས་སའི་རྒྱུ་རྐྱེན་ཡིན། དེ་དང་དུས་མཚུངས་སུ་དམག་དོན་ལག་རྩལ་ཟམ་མ་ཆད་པར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་གོ་མཚོན་སྒྲོག་ཆས་གལ་ཆེ་བའི་རང་བཞིན་མཐོ་རུ་འགྲོ་བཞིན་ཡོད་པས། མིའི་རྒྱུ་རྐྱེན་དང་གོ་མཚོན་སྒྲིག་ཆས་ཀྱི་རྒྱུ་རྐྱེན་གཉིས་ཟུང་འབྲེལ་ཉིན་རེ་བཞིན་ཇེ་དམ་བྱེད་ཀྱི་ཡོད་པ་དང་། མི་དང་གོ་མཚོན་སྒྲིག་ཆས་གཉིས་གཞི་གཅིག་ཏུ་ཚད་མཐོན་པོ་གྱུར་ཡོད་པས། གསལ་པོར་བཤད་ན་གོ་མཚོན་སྒྲིག་ཆས་ཀྱི་རྒྱུ་རྐྱེན་ལ་མཐོང་ཆེན་བྱེད་པ་དེའང་མིའི་རྒྱུ་རྐྱེན་ལ་མཐོང་ཆེན་བྱེད་པ་རང་ཡིན་ཞེས་གསུངས་པ་རེད།