མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཀའོ་ལི་ཡིས་པའེ་ཨུ་རུ་སུ་རྒྱལ་ཁབ་ཀྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་14ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲང་ཀའོ་ལི་ཡིས་པའེ་ཨུ་རུ་སུ་རྒྱལ་ཁབ་ཀྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་13ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཡིས་ཀྲུང་ནན་ཧའེ་ཙི་ཀོང་ཀོ་རུ་པའེ་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཙུང་ཐུང་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པ་དང་ཀྲུང་་པའེ་རྒྱལ་ཁབ་སྲིད་གཞུང་བར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་པའེ་ཨུ་རུ་སུའི་ཕྱོགས་ཀྱི་ཀྲུའུ་ཞི་སི་ནོ་ཕུའུ་ཁོ་ཧྥུའུ་ལ་མཇལ་འཕྲད་གནང་བ་རེད། 
         ཀྲང་ཀའོ་ལི་ཡིས་ཀྲུང་གོའི་ཕྱོགས་ཀྱིས་པའེ་ཨུ་རུ་སུའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ངོས་འཛིན་གཅིག་མཐུན་དོན་འཁྱོལ་ནན་ཏན་བྱས་ཏེ་དངོས་དོན་གཉེར་བའི་མཉམ་ལས་བྱེད་རྒྱ་སྔར་ལས་ཆེ་རུ་གཏོང་བ་དང་ཟབ་སྤེལ་བྱས་ཏེ་ཀྲུང་པའེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་ཆུ་ཚད་སྔར་ལས་མཐོ་བར་འཕེལ་བར་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་འདོད་ཡོད། ཀྲུང་པའེ་རྒྱལ་ཁབ་གཉིས་ཀྱི་བཟོ་ལས་གླིང་ནི་མིག་སྔའི་རྒྱལ་ཁབ་གཉིས་བར་གྱི་དངུལ་འཇོག་མཉམ་ལས་རྣམ་གྲངས་ཆེ་ཤོས་ཤིག་ཡིན་པས། ཕྱོགས་གཉིས་ཀས་ཕན་ཚུན་བར་འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བཟོ་ལས་གླིང་འཛུགས་སྐྲུན་ཐད་ངོ་བོའི་རང་བཞིན་ལྡན་པའི་འཕེལ་རྒྱས་གང་མགྱོགས་བྱུང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།

༄༅།།ཀྲང་ཀའོ་ལི་ཡིས་པའེ་ཨུ་རུ་སུ་རྒྱལ་ཁབ་ཀྱི་སྐུ་མགྲོན་ལ་མཇལ་འཕྲད་གནང་བ།