མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་ཨ་སི་ཐ་ནར་ཕེབས་འབྱོར་བྱུང་ནས་ཧ་སག་སི་ཐན་ལ་འཚམས་འདྲི་
གནང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་09ཉིན། 15:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་ཨ་སི་ཐ་ནར་ཕེབས་འབྱོར་བྱུང་ནས་ཧ་སག་སི་ཐན་ལ་འཚམས་འདྲི་
གནང་འགོ་ཚུགས་པ།

མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་7ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ནར་ཕེབས་འབྱོར་ཟིན་ནས་་ཧ་སག་སི་ཐན་ལ་འཚམས་འདྲི་གནང་འགོ་ཚུགས་པ་རེད།
         ཕྱི་དྲོའི་ཆུ་ཚོད་16ཡོལ་ཙམ་ལ་ཞིས་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཨ་སི་ཐ་ན་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་ཟིན་པ་རེད། ཞིས་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གནམ་གྲུ་ནས་ག་ལེར་མར་བབས་ཕེབས་སྐབས་ཧ་སག་སི་ཐན་གྱི་ཙུང་ལི་མ་ཤིས་མོའུ་ཕུའུ་དང་ཙུང་ལི་གཞོན་པ་དང་པོ་ས་ཅིན་ཐ་ཡེ་ཕུའུ་སྐས་འཛེག་འགྲམ་དུ་ཕེབས་བསུར་བཅར་བ་རེད། ཧ་སག་སི་ཐན་གྱི་གཞོན་ནུས་ཞིས་ཅིན་ཕིང་སྟངས་དཔྱལ་ལ་མེ་ཏོག་ཕུལ་བ་རེད། གུས་དམག་གིས་ས་གདན་དམར་པོའི་གཡས་གཡོན་དུ་གྲལ་བསྒྲིགས་ནས་གུས་ལུགས་ཞུས་པ་རེད།
         ཝང་ཧུའུ་ཉིང་དང་། ཧྥན་ཁྲང་ལུང་། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲེ་སོགས་ཕེབས་རོགས་ཞུ་མཁན་མི་སྣ་གནམ་གྲུ་གཅིག་ཏུ་བཞུགས་ནས་ཕེབས་འབྱོར་ཡོད་པ་རེད།
         ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཧན་ཧུའེ་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།
         ཧ་སག་སི་ཐན་ནི་ད་རེས་ཞིས་ཅིན་ཕིང་འཚམས་འདྲིར་ཕེབས་སའི་ས་ཚུགས་དང་པོ་དེ་ཡིན། དེ་ཡང་ཞིས་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གནང་རྗེས་ཧ་སག་སི་ཐན་ལ་འཚམས་འདྲི་གནང་ཐེངས་གཉིས་པ་ཡིན་པ་རེད། 2013ལོའི་ཟླ་བ་དགུ་པར་ཞིས་ཅིན་ཕིང་གིས་ཧ་སག་སི་ཐན་ལ་འཚམས་འདྲི་གནང་སྐབས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་བསྐྲུན་རྒྱུའི་གྲོས་འགོ་ཐེངས་དང་པོ་བཏོན་པས་ལམ་རྒྱུད་རྒྱལ་ཁབ་ཀྱིས་སྤྲོ་སེམས་འཁོལ་བའི་བརྡ་ལན་ཞུས་པ་རེད།
         ལོ་གཅིག་རིང་ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག་ཀྲུང་ཧའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་དང་། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ལ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཡོད།
         ཧ་སག་སི་ཐན་ལ་འཚམས་འདྲི་གནང་རྗེས་ཞིས་ཅིན་ཕིང་ད་དུང་ཨུ་རུ་སུར་ཕེབས་ནས་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རྒྱུ་མ་ཟད། ཨུ་རུ་སུར་འཚམས་འདྲི་ཡང་ཞུ་རྒྱུ་དང་བྷེ་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་ཞུ་རྒྱུ་རེད།