མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་དང་ཀྲུའུ་ལི་ལུན་ངོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་རིག་གནས་གླེང་སྟེགས་
སྐབས་བཅུ་པར་ཕེབས་པ་མ་ཟད་ཤིས་ཚིག་ཀྱང་གསུངས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་05ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཡུས་ཀྲེང་ཧྲེང་དང་ཀྲུའུ་ལི་ལུན་ངོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་རིག་གནས་གླེང་སྟེགས་
སྐབས་བཅུ་པར་ཕེབས་པ་མ་ཟད་ཤིས་ཚིག་ཀྱང་གསུངས་པ།

མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཐའེ་དབན་གཞུང་ལས་ཁང་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོ་གོ་མིན་ཏང་རྒྱལ་ཇུས་ཞིབ་འཇུག་ཐེབས་རྩ་ལྷན་ཚོགས་ཀྱིས་ཐུན་མོང་ཐོག་གཉེར་བའི་ངོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་རིག་གནས་གླེང་སྟེགས་སྐབས་བཅུ་པ་ཟླ་5ཚེས་3ཉིན་ཧྲང་ཧའེ་རུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲུའུ་ལི་ལུན་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པ་མ་ཟད་ཤིས་ཚིག་ཀྱང་གསུངས་པ་རེད།
     ཡུས་ཀྲེང་ཧྲེང་གིས་ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཚབ་ཞུས་ནས་ངོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་རིག་གནས་གླེང་སྟེགས་སྐབས་བཅུ་པ་གཉེར་བར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ལོ་10ཡི་གོང་ངོགས་གཉིས་ཀྱི་འབྲེལ་བ་ཛ་དྲག་པའི་སྐབས་ཀྲུང་གོ་གོ་མིན་ཏང་དང་ཀྲུང་གོ་གུང་ཁྲན་ཏང་གཉིས་པོས“ཐའེ་དབན་རང་བཙན”གྱི་ཁ་འཕྲལ་བྱེད་སྤྱོད་བཀག་འགོག་གིས་ཐའེ་དབན་མཚོ་འགག་གི་ཞི་བདེ་སྲུང་བ་དང་ངོགས་གཉིས་ཀྱི་སྤུན་ཟླའི་བདེ་སྐྱིད་འཕེལ་ཆེད་སེམས་ཐག་གཙང་བཅད་ཀྱིས་ཞི་མཐུན་ཡོང་བ་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་གོམ་པ་དང་པོ་དེ་ཐུན་མོང་ཐོག་སྤོས་པ་རེད། ཀྲུང་གོ་གོ་མིན་ཏང་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱིས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་བཏང་ནས་ཏང་གཉིས་པོ་དུས་བཀག་ཐོག་སྦྲེལ་མཐུད་བྱེད་པའི་སྟེགས་བུ་བཙུགས་པ་དང་ངོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་རིག་གནས་གླེང་སྟེགས་དུས་སྐབས་དང་བསྟུན་ནས་ཆགས་པ་བྱེད་དགོས་པའི་རེ་བ་བཏོན་ཡོད། ལོ་10ཡི་ནང་གླེང་སྟེགས་དེ་ཀྲུང་གོ་གོ་མིན་ཏང་དང་ཀྲུང་གོ་གུང་ཁྲན་ཏང་གཉིས་སྤེལ་རེས་དང་གླེང་མོལ་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ལ་བརྩིས་ནས“92ལོའི་མཚོ་འགག་ངོགས་གཉིས་དབར་གྱི་ཐུན་མོང་གི་ངོས་འཛིན་གྲོས་མཐུན”དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པའི་གཞི་རྩའི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ངོགས་གཉིས་པོའི་སྤུན་ཟླས་དོ་ཁུར་བྱེད་པ་དང་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་བའི་གནད་དོན་གལ་ཆེན་གཅིག་སྡུད་ཐོག་གྲོས་ཞིབ་དང་ཐག་གཅོད་བྱས་པར་གཡུར་ཟའི་འབྲས་བུ་ཐོབ་ཡོད། གླེང་སྟེགས་དེ་དམངས་སེམས་གཅིག་སྡུད་དང་སྲིད་ཇུས་སྣེ་ཁྲིད་ཀྱི་སྟེགས་བུ་གལ་ཆེན་ལ་བརྩིས་ནས་དམངས་འཚོར་དོ་ཁུར་དང་དམངས་ཚོགས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཐུན་མོང་གི་གྲོས་འགོ་ཁག་153གྲུབ་པ་མང་ཆེ་བ་ངོགས་གཉིས་ཀྱི་ཐུན་མོང་ངམ་ཡང་ན་རང་ངོས་ཀྱི་ཞིབ་ཕྲའི་སྲིད་ཇུས་བྱེད་ཐབས་ལ་བསྒྱུར་ནས་ངོགས་གཉིས་ཀྱི་སྤུན་ཟླར་ཕན་པ་དངོས་ཐོབ་ཡོད། གླེང་སྟེགས་དེ་ངོགས་གཉིས་ཀྱི་ལས་རིགས་ཁག་གི་མི་སྣའི་ཕན་རོགས་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་ལ་བརྩིས་ནས་ངོགས་གཉིས་དང་འབྲེལ་བ་ཡོད་པའི་ཏང་ཤོག་ཚོགས་པའི་འཐུས་མི་དང་། དངོས་དོན་སྡེ་ཚན་གྱི་མི་སྣ། ལས་རིགས་ཀྱི་ཕུལ་བྱུང་མི་སྣ། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་གདན་ཞུས་ཀྱིས་ཐུན་མོང་ཐོག་བཞུགས་ནས་ངོགས་གཉིས་དབར་་སྤེལ་རེས་དང་གླེང་མོལ་བྱེད་པའི་སྟེགས་བུ་རབ་དང་རིམ་པ་སྔ་རྗེས་སུ་འཛུགས་རྒྱུར་ཁྲིད་སྟོན་དང་ངོགས་གཉིས་པོའི་ཕྱོགས་ཚང་མའི་ཐད་ཀྱི་སྤེལ་རེས་ལ་དགའ་འོས་པའི་རྣམ་པ་ཐོན་རྒྱུར་སྐུལ་མ་ཐེབས་ཡོད་ཅེས་གསུངས་པ་རེད།
     ཡུས་ཀྲེང་ཧྲེང་གིས་ལོ་10ཙམ་རིང་གི་འཕེལ་རྒྱས་བརྒྱུད་ངོགས་གཉིས་པོའི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ཡོད། མ་འོངས་སྔོན་དཔག་གི་ངོགས་གཉིས་པོའི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་གཏོང་རྒྱུར་བར་མཐོངས་དེ་བས་ཆེ་བ་མངོན་པ་བྱས་ཡོད་ལ་འགྲན་རྩོད་དང་ཚོད་བགམ་གསར་པའང་འཕྲད་ཡོད།“ཐའེ་དབན་རང་བཙན”གྱི་ཁ་འཕྲལ་ཕྱོགས་གཏོགས་ཀྱི་འགོག་རྐྱེན་དང་གཏོར་བཤིག་གིས་ཐའེ་དབན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ལ་འཇིགས་སྐུལ་ཆེན་པོ་བཟོས་ཡོད། ངོགས་གཉིས་པོའི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་སྲུང་སྐྱོབ་བྱེད་པའི་ལས་འགན་ལྕི་ལ་དཀའ་ཚེགས་ཆེ་བ་ཞིག་ཡོད་པས་ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཞི་བའི་ངང་འཕེལ་རྒྱས་འགྲོ་བའི་ལམ་བུའི་ཐོག་སྐྱོད་པ་དང་། བློ་བརྟན་འགྱུར་མེད་ངང་ཐུན་མོང་གི་ཆབ་སྲིད་རྨང་གཞི་མཐའ་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་ངོགས་གཉིས་པོའི་སྤུན་ཟླའི་བདེ་སྐྱིད་དོན་གཉེར་བྱེད་པ། བློ་བརྟན་འགྱུར་མེད་ངང་ལག་གདང་སྦྲེལ་ནས་མི་རིགས་བསྐྱར་དར་ཡོང་བ་བྱེད་པ་བཅས་བྱེད་དགོས་ལུགས་བསྟན་གནང་ཡོད།