མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གླིང་ཆེན་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་གྲོས་ཚོགས་ལ་ཞུགས་པ་
མ་ཟད་གལ་ཆེའི་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་23ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གླིང་ཆེན་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་གྲོས་ཚོགས་ལ་ཞུགས་པ་
མ་ཟད་གལ་ཆེའི་གསུང་བཤད་ཀྱང་གནང་བ།

མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་22ཉིན་གྱི་སྔ་དྲོར་གླིང་ཆེན་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་གྲོས་ཚོགས་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ཅ་ཁར་ཐ་གྲོང་ཁྱེར་དུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་ཁ་བྱང་ལ་<<ཝན་ལུང་གི་སྙིང་སྟོབས་དར་སྤེལ་བཏང་ནས་མཉམ་ལས་གཉིས་ཕན་ལ་སྐུལ་སྤེལ་གཏོང་དགོས་>>ཞེས་པའི་གལ་ཆེའི་གསུང་བཤད་ཀྱང་གནང་སྟེ་རྒྱལ་ཁབ་ཁག་གིས་ཝན་ལུང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དེར་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་གནང་སྟེ་མཉམ་ལས་གཉིས་ཕན་སྲོག་ཤིང་དུ་གྱུར་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་དང་། རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་མ་ལག་སྔར་ལས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་གླིང་ཆེན་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་བར་གྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། མིའི་རིགས་ཤི་གསོན་མཉམ་གནས་ཀྱི་ཐུན་མིན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གླིང་ཆེན་ཨེ་ཤེ་མ་དང་ཨ་ཧྥེ་རི་ཁའི་མི་དམངས་དང་ས་ཁུལ་གཞན་དག་གི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པར་བསྐྲུན་དགོས་ཞེས་བསྟན་གནང་བ་རེད།

༄༅།།ཞིས་ཅིན་ཕིང་གླིང་ཆེན་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་གྲོས་ཚོགས་ལ་ཞུགས་པ་
མ་ཟད་གལ་ཆེའི་གསུང་བཤད་ཀྱང་གནང་བ།